ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཏང་ཡོན་ལས་བྱེད་པའི་ཁྲོད་ནས་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་འགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ཆེན་པོ་བྱུང་།  ཚང་མས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ཞིབ་ཀློག་དང་དེར་གོ་བ་གཏིང་ཟབ་བླངས་ནས། ཏང་གི་ལོ་རྒྱུས་ལ་སྤྱི་སྡོམ་དང་སློབ་སྦྱོང་། སློབ་གསོ། དྲིལ་སྒྲོག་བཅས་བྱེད་པའི་ལས་དོན་མུ་མཐུད་དུ་གཏིང་ཟབ་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་སྔར་ལས་ལེགས་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་བེད་སྤྱོད་གང་ལེགས་བྱས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་རྩོམ་མཛད་སྒོའི་སྟེང་དུ་མར་ཁེ་སི་རིང་ལུགས་ཀྱི་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ལས་འགན་གཙོ་བོ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། འཐབ་ཇུས་ཇུས་གཞིའི་གནད་དོན་ལ་མཐོང་ཆེན་བྱེད་པ། ཇི་སྲིད་བར་དུ་ཏང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་རང་གཤིས་རྒྱུན་འཁྱོངས་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་བཅས་ཀྱི་གནད་དོན་སོགས་ཕྱོགས་ལྔའི་ཐད་ནས་རྒྱས་བཤད་གཏིང་ཟབ་གནང་། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་མིག་རྒྱང་རིང་བ་དང་ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་བཅས་ལྡན་པས། དེར་ཆབ་སྲིད་རང་བཞིན་དང་རིགས་པའི་གཞུང་ལུགས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན།

འགལ་བ་གཙོ་བོ་དང་ལས་འགན་གཙོ་བོ་དམ་པོར་བཟུང་ནས་ཁྱོན་ཡོངས་ཀྱི་ལས་ཀར་སྐུལ་ཁྲིད་བྱ་རྒྱུ་ནི། རྩོད་སྒྲུབ་དངོས་གཙོ་སྨྲ་བའི་བླང་བྱ་ཡིན་ལ། ང་ཚོའི་ཏང་གིས་དུས་རྣམ་ཀུན་ཏུ་དར་སྤེལ་དང་རྒྱུན་འཁྱོངས་བྱེད་ཀྱིན་པའི་ཐབས་ཤེས་ཤིག་ཀྱང་ཡིན། ཚང་མས་བསྟན་དོན། ལས་འགན་གཙོ་བོར་དམ་དུ་དམིགས་ཏེ། འཐབ་ཇུས་ཀྱི་རང་འགུལ་རང་བཞིན་ཁོང་དུ་ཆུད་པར་བྱེད་པ་དང་འཕེལ་རྒྱས་ལ་འཆར་འགོད་འཐེན་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས།

ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏུ། ཏང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་རང་བཞིན་དུས་ནམ་ཡང་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་གནད་འགག་ནི། ང་ཚོའི་ཏང་རང་ཉིད་ལ་བརྟེན་དགོས་པ་ཡིན། ཚང་མས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་བཙུགས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

བརྒྱ་ལོ་གསར་པའི་ལམ་ཆེན་ཡངས་པོར་ཕྱེས་ཟིན་པ་དང་ཚོད་བགམ་གང་མང་རིམ་པར་ཐེག་ཐུབ་དགོས། ཏང་ཡོན་ལས་བྱེད་པ་ཚོས་བསྟན་དོན། ལོ་རྒྱུས་མེ་ལོང་དུ་བཟུང་ནས། མི་རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་མུ་མཐུད་དུ་འབད་འབུངས་ཧུར་ཐག་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།