ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱིས་རིམས་ནད་འབྲེལ་ཡོད་ས་ཁུལ་གྱི་མེ་འཁོར་བཀག་སྡོམ་དང་ཇེ་ཉུང་དུ་བཏང་ནས་མི་སྣའི་འགྲོ་འོང་ཇེ་ཉུང་དུ་གཏོང་དགོས་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས17ཉིན། 2022ལོའི་དཔྱིད་གསར་སྐྱེལ་འདྲེན་དངོས་སུ་མགོ་ཚུགས་པ་དང་། ཟླ2པའི་ཚེས25ཉིན་མཇུག་འགྲིལ་རྒྱུ་རེད། ཁྱོན་ཉིན40ཡོད། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་པུའུ་ཡི་འགན་འཁུར་བས་ངོ་སྤྲད་བྱས་པར་གཞིགས་ན། རིམས་ནད་ཀྱི་ཤུགས་རྐྱེན་དང་ས་གནས་སོ་སོའི་སྔོན་འགོག་ཚོད་འཛིན་སྲིད་ཇུས་ཀྱི་ཁྲིད་སྟོན་འོག འགྲུལ་པ་ཕྱིར་སྐྱོད་པར་གཏན་འཁེལ་མིན་པའི་རང་བཞིན་ཅུང་ཆེན་པོ་ཡོད་མོད། འོན་ཀྱང་མིག་སྔའི་དཔྱིད་གསར་སྐྱེལ་འདྲེན་གྱི་མེ་འཁོར་སྤ་སེ་མངགས་ཉོའི་གནས་ཚུལ་ལ་བལྟས་ན། 2022ལོའི་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་གྱི་སློབ་མ་དང་ཞོར་ལས་པ། གཉེན་འབྲེལ་པ་སོགས་གཞི་རྩའི་ཕྱིར་སྐྱོད་ཀྱི་དགོས་མཁོ་ལ་སྔར་བཞིན་གཞི་ཁྱོན་ངེས་ཅན་ཡོད་ལ། ལྕགས་ལམ་སྡེ་ཁག་ལ་ཕྱིར་སྐྱོད་འགན་ལེན་དང་རིམས་ནད་སྔོན་འགོག་ཚོད་འཛིན་གཉིས་ཀྱི་ཚོད་བགམ་དང་གནོན་ཤུགས་འཕྲད་ཡོད། བསྡོམས་རྩིས་ལྟར་ན། དཔྱིད་གསར་སྐྱེལ་འདྲེན་རིང་ཉིན་རེར་འགྲུལ་པ་སྡོད་གནས1050ཡན་མཁོ་འདོན་བྱེད་ཐུབ་པ་དང་། དེ2019ལོ་ལས10%ཡན་མཐོ་རུ་ཕྱིན་ཡོད། “དགོས་མཁོ་ལྟར་བཀོད་སྒྲིག་བྱེད་པ་དང་།  འཕྲལ་སྡོམ་ལ་གྲ་སྒྲིག་བྱེད་པ། གནད་སྨིན་ཟླ་སྒྲིག་བྱེད་པ། རིམ་པ་བཞིན་སྤྱོད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། འགྲུལ་རྒྱུན་འགྱུར་ལྡོག་དང་མེ་འཁོར་སྤ་སེ་མངགས་ཉོ་བྱས་ཚུལ་ལ་གཞིགས་ནས། སྔར་ལས་གནད་ལ་ཁེལ་བའི་སྒོ་ནས“ཉིན་གཅིག་ལ་པར་རིས་གཅིག”ལག་བསྟར་བྱེད་པ་དང་། སྐྱེལ་འདྲེན་བྱེད་ཤུགས་དང་འགྲུལ་སྐྱེལ་རླངས་འཁོར་གཏོང་བར་སྟབས་བསྟུན་བཀོད་སྒྲིག་བྱས་ཏེ། ནུས་ཤུགས་ཡོད་རྒུས་འགྲུལ་པའི་འགྲོ་སྐྱོད་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་གཉིས་སྐོང་དགོས། གལ་སྲིད་ས་ཁུལ་ཁག་གཅིག་ཏུ་རིམས་ནད་ཐོན་ཚེ། མགྱོགས་མྱུར་ངང་སྐྱེལ་འདྲེན་རྩ་འཛུགས་ལེགས་སྒྲིག་བྱས་ཏེ། རིམས་ནད་དང་འབྲེལ་བའི་ས་ཁུལ་གྱི་འགྲུལ་སྐྱེལ་མེ་འཁོར་བཀག་སྡོམ་དང་ཇེ་ཉུང་དུ་བཏང་ནས། མི་སྣ་འགྲོ་འོང་ཇེ་ཉུང་དུ་གཏང་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།