ཀྲུང་གོ་བོད་ཀྱི་དྲ་བ།

ཚའེ་ཆི་ཡིས་བརྙན་ལམ་ནས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་ཐུའོ་མ་སི་པ་ཧི་དང་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་པེ་ཅིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཚའེ་ཆི་ཡིས་བརྙན་ལམ་ནས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་ཐུའོ་མ་སི་པ་ཧི་དང་མཇལ་འཕྲད་གནང་། 

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་པེ་ཅིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཚའེ་ཆི་ཡིས་བརྙན་ལམ་ནས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་ཐུའོ་མ་སི་པ་ཧི་དང་མཇལ་འཕྲད་གནང་།  

ཚའེ་ཆི་ཡིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་ཚབ་བྱས་ནས། ཀྲུའུ་ཞི་པ་ཧི་དང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་བཤད་རྒྱུར། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མགོ་ཚུགས་ལ་ཉེ་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་དང་འགྲན་བསྡུར་གྲ་སྒྲིག་བྱ་བར་རྟོག་ཞིབ་གནང་བ་མ་ཟད། ད་དུང་ཆེད་དུ་བྱ་བའི་སྙན་ཞུར་གསན་པ་དང་མཛུབ་སྟོན་གལ་ཆེན་གནང་བས། ང་ཚོས་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། མིག་སྔར། དགུན་དུས་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་གྱི་གྲ་སྒྲིག་བྱ་བ་ཁག་ཁྱོན་ཡོངས་ནས་ལེགས་འགྲུབ་ཟིན་པ་དང་། 《འགྲན་བསྡུར་མ་བྱས་སྔོན་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྙན་ཞུ》ཁྱབ་བསྒྲགས་བྱས་ཤིང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ངང་ཚུལ་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། འགྲན་བསྡུར་མ་བྱས་སྔོན་ལ་གདུབ་ཟུམ་དོ་དམ་མ་ལག་སྤྱོད་མགོ་ཚུགས་པ་དང་། ཞག་སྡོད་དང་བཟའ་བཏུང་། འགྲིམ་འགྲུལ་བཅས་ལ་འགན་ལེན་ནུས་ལྡན་བྱས་ཤིང་། ང་ཚོས་གདུབ་ཟུམ་ཞབས་ཞུ་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བཞིན་ཡོད་ལ། ལུས་རྩལ་པས་བསམ་བློ་གཏོང་སར་བསམ་བློ་བཏང་ནས་ལུས་རྩལ་པའི་དགོས་མཁོ་སྐོང་གང་ཐུབ་བྱས་ཏེ། ལུས་རྩལ་པར་སྟབས་བདེ་དང་མགྱོགས་མྱུར། གནད་སྨིན། ཞིབ་ཚགས་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། འགྲན་བསྡུར་གྱི་ཉམས་ལེན་ཡག་པོ་ཞིག་ཡོང་བའི་འགན་ལེན་བྱེད་བཞིན་ཡོད། མིག་སྔར། ཨོ་སྨི་ཁི་རུང་དུག་རྐང་གཞན་འགྱུར་དེ་གོ་ལ་ཧྲིལ་པོར་མགྱོགས་མྱུར་ངང་ཁྱབ་བཞིན་ཡོད་ཅིང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་མུ་མཐུད་དུ་ཁེ་ཕན་གྱི་འབྲེལ་ཡོད་ཕྱོགས་སོ་སོར་རོགས་རམ་དང་ཁྲིད་སྟོན་བྱས་ཏེ། རིམས་ནད་ཀྱི་ཉེན་ཁར་ངོས་འཛིན་གསལ་པོ་བྱེད་པ་དང་། རིམས་འགོག་ལག་དེབ་ཀྱི་གཏན་འབེབས་ཁག་དོན་འཁྱོལ་ནན་པོ་བྱས་ནས། ཐུན་མོང་ཐོག་ཕྱི་ནང་གི་རིམས་འགོག་བདེ་འཇགས་འགན་ལེན་བྱེད་པའི་རེ་བ་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་དང་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱས་ཏེ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གྱི“མཇུག་མཐའི་ལེ་བར་གཅིག”གི་བྱ་བ་ལེགས་པོར་སྒྲུབ་རྒྱུ་ནི་འགྲན་ཚོགས་དུས་བཀག་ལྟར་མགོ་ཚུགས་པ་དང་བདེ་བླག་ངང་གཉེར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་རེད། 

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཚའེ་ཆི་ཡིས་བརྙན་ལམ་ནས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་ཐུའོ་མ་སི་པ་ཧི་དང་མཇལ་འཕྲད་གནང་།  

པ་ཧི་ཡིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གྱི་འཕེལ་རིམ་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱིས་འབད་བརྩོན་ལ་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན། རིམས་ནད་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བའི་གནོན་ཤུགས་ཆེན་པོའི་འོག པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱིས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནུས་ལྡན་སྤྱད་པ་དང་། དོ་དམ་བདེ་འཇགས་བདེ་བླག་ཡིན་ཞིང་། ཞབས་ཞུ་འགན་ལེན་ཡག་པོ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། ང་ཚོས་དུས་བཀག་ལྟར་བདེ་འཇགས་དང་བདེ་བླག་ངང་འགྲན་བསྡུར་གཉེར་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། སྣེ་ཁྲིད་དེ་རིམས་འགོག་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་ཕྱོགས་སོ་སོས་ཀྲུང་གོར་ཡོང་བའི་མི་སྣས་རིམས་འགོག་ལག་དེབ་ཀྱི་གཏན་འབེབས་ནན་སྲུང་བྱས་ཏེ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་དང་མཉམ་ལས་དམ་ཟབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཐུན་མོང་ཐོག་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དེ་བས་ལེགས་པའི་སྒོ་ནས་དར་སྤེལ་གཏོང་རྒྱུ་ཡིན། 

རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཐུན་སྦྱོར་ཨུ་ལྷན་གྱི་ཀྲུའུ་ཞི་ཧུའུ་ཨན་ས་མ་ལན་ཆི་དང་། པེ་ཅིང་གྲོང་ཁྱེར་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་མགོ་ཁྲིད་ཀྲང་ཅ་མིང་དང་ཀྲང་ཅན་ཏུང་། དབྱང་ཧྲུའུ་ཨན། ཧན་ཙི་རུང་བཅས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།