ཀྲུང་གོ་བོད་ཀྱི་དྲ་བ།

ཟླ2པའི་ཚེས1ཉིན་ནས་བཟུང་རང་རྒྱལ་གྱིས་ཧན་རྒྱལ་ཁབ་ལ་ནུས་ལྡན་སྒོསRCEPགྲོས་ཆོད་ཀྱི་ཁྲལ་ཚད་དངོས་འབེབ་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས13ཉིན། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུའི་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད(RCEP)དེ2022ལོའི་ཟླ2པའི་ཚེས1ཉིན་ནས་ཧན་རྒྱལ་ཁབ་ལ་ནུས་པ་འདོན་མགོ་རྩོམ་རྒྱུ་རེད། གྲོས་ཆོད་ནང་ཁས་བླངས་བྱས་པའི་གྲོས་གཞི་རྣམས་ལག་བསྟར་ནན་མོ་དང་ཁྱོན་ཡོངས་ནས་ནུས་ལྡན་སྒོསRCEPདངོས་འབེབ་སྐུལ་འདེད་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུའི་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ཏེ། 2022ལོའི་ཟླ2པའི་ཚེས1ཉིན་ནས་བཟུང་ཧན་རྒྱལ་ཁབ་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་ཁག་གཅིག་ལRCEPགྲོས་ཆོད་ནང་གཏན་ཁེལ་བྱས་པའི་ལོ་དང་པོའི་ཁྲལ་ཚད་ལག་བསྟར་བྱ་རྒྱུ་དང་། གྲོས་ཆོད་ཀྱི་གཏན་འབེབ་ལྟར་ན། ལོ་འཁོར་གྱི་ཁྲལ་ཚད་དེ་ལོ་དེའི་ཟླ1པོའི་ཚེས1ཉིན་ནས་དངོས་འབེབ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།