ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་རྒྱལ་ཡོངས་སུ་ས་གཤིས་གནོད་སྐྱོན་ཐེངས905ལ་ཉེན་བརྡ་བཏང་ཞིང་ཐད་ཀར་དུ་བཟོས་པའི་དཔལ་འབྱོར་གྱོང་གུད་སྒོར་དུང་ཕྱུར13.5སྔོན་འགོག་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རང་བྱུང་ཐོན་ཁུངས་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2021ལོར། རྒྱལ་ཡོངས་སུ་བསྡོམས་པས་བདེ་བླག་ངང་ས་གཤིས་གནོད་སྐྱོན་ཐེངས905ལ་ཉེན་བརྡ་བཏང་ཞིང་། དེ་གནོད་སྐྱོན་ཐེབས་ངེས་ཀྱི་མི25528ལ་ཁྱབ་པ་དང་། ཐད་ཀར་དུ་བཟོས་པའི་དཔལ་འབྱོར་གྱི་གྱོང་གུད་སྒོར་དུང་ཕྱུར13.5སྔོན་འགོག་བྱས་ཡོད།

ལོ5སྔོན་གྱི་དུས་མཉམ་གྱི་ཆ་སྙོམས་གྲངས་ཀ་དང་བསྡུར་ན། ས་གཤིས་གནོད་སྐྱོན་བྱུང་ཐེངས་དང་མི་སྣ་ཤི་རྨས་ཀྱི་གྲངས་ཀ་གཉིས་སོ་སོར30.3%དང63.2%ཆག་ཡོད་ལ། ཐད་ཀར་དུ་བཟོས་པའི་དཔལ་འབྱོར་གྱི་གྱོང་གུད་འདྲ་མཉམ་ཡིན་པ་རེད།

2021ལོར། རྒྱལ་ཡོངས་སུ་བསྡོམས་པས་ས་གཤིས་གནོད་སྐྱོན་ཐེངས4772བྱུང་བ་དང་། ཐད་ཀར་དུ་བཟོས་པའི་དཔལ་འབྱོར་གྱི་གྱོང་གུད་སྒོར་དུང་ཕྱུར32ལ་སླེབས། གནོད་སྐྱོན་ཚད་རིམ་ཐད་ལ་བལྟས་ན། ས་གཤིས་གནོན་སྐྱོན་ཆེས་ཆེན་མོ་ཅན་ཐེངས35དང་ས་གཤིས་གནོད་སྐྱོན་ཆེན་མོ་ཅན་ཐེངས27། ས་གཤིས་གནོད་སྐྱོན་འབྲིང་རིམ་ཅན་ཐེངས328། ས་གཤིས་གནོད་སྐྱོན་ཆུང་གྲས་ཐེངས4382བཅས་བྱུང་ཡོད། ལོ་སྔོན་མའི་དུས་མཉམ་དང་བསྡུར་ན། ས་གཤིས་གནོད་སྐྱོན་བྱུང་ཐེངས་དང་མི་སྣ་ཤི་རྨས་ཀྱི་གྲངས་ཀ ཐད་ཀར་དུ་བཟོས་པའི་དཔལ་འབྱོར་གྱི་གྱོང་གུད་བཅས་སོ་སོར39.1%དང34.5%། 36.3%བཅས་ཆག་ཡོད། རྒྱུས་ལོན་པ་ལྟར་ན། ལོ་མང་པོའི་རིང་གི་ས་གཤིས་གནོད་སྐྱོན་བྱུང་བའི་ཆོས་ཉིད་དང་འབྲེལ་ཡོད་ཀྱི་གནམ་གཤིས་རྒྱུ་ཆ་འབྲེལ་ནས་དབྱེ་ཞིབ་བྱས་པ་གཞིགས་ན། ཚོད་དཔག་ལྟར་ན2022ལོར་ས་གཤིས་གནོད་སྐྱོན་འབྱུང་བའི་སྤྱིའི་ཁ་ཕྱོགས་དེ་རྒྱུན་ལྡན་དང་འདྲ་ལ་ཡང་ན་དེ་ལས་ཅུང་དམའ་བ་ཡིན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།