ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་པ་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་ཉེར་གཅིག་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་། ནད་པ་ང་ལྔ་ཕྱི་ནས་མཆེད་པ་ཡིན་ལ། དེའི་ཁྲོད་ཀྱི་ནད་པ་བཞི་ནད་རྟགས་མི་མངོན་པའི་ནད་པ་ནས་ནད་རྟགས་ངོས་བཟུང་བའི་ནད་པར་གྱུར། རང་ས་གནས་ཀྱི་ནད་པ་བརྒྱ་དང་རེ་དྲུག་ཡོད། ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་ཉེར་བཞིའི་བར་དུ། ད་ཡོད་ངོས་བཟུང་བའི་ནད་པ་བསྡོམས་པས་སྟོང་གསུམ་བཞི་བརྒྱ་དང་དོན་དྲུག་ཡོད། ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་བར་དུ།  རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་འགོག་སྨན་མི་ཐེངས་ཐེར་འབུམ་གཉིས་དང་དུང་ཕྱུར་དགུ་བྱེ་བ་གཅིག་ས་ཡ་གཉིས་འབུམ་གཅིག་དང་ཁྲི་བདུན་སྟོང་བརྒྱད་བརྒྱབ་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།