རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་ཅེས་པ་པར་འགྲེམས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་ཅེས་པ་པར་འགྲེམས་བྱས། འཆར་འགོད་ནང་བསྟན་དོན། གཞི་གྲངས་དཔལ་འབྱོར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་གཞི་གྲངས་དཔལ་འབྱོར་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་རྒྱུན་ཆད་མེད་པར་ནུས་ལྡན་དུ་གཏོང་བ་བཅས་བྱས་ཏེ། གཞི་གྲངས་ཀྲུང་གོ་བསྐྲུན་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས། ཉིས་སྟོང་ཉེར་ལྔ་ལོར་ཐོན་པ་ན། གཞི་གྲངས་དཔལ་འབྱོར་གྱི་ཐོན་ལས་གཙོ་བོའི་འཕར་སྣོན་རིན་ཐང་གིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་བསྡུར་ཚད་ཀྱི་བརྒྱ་ཆའི་བཅུ་ཟིན་ཐུབ་རྒྱུ་རེད།  ཉིས་སྟོང་སོ་ལྔ་ལོར་རྒྱང་ལྟ་བྱས་ཚེ། གཅིག་གྱུར་དྲང་གཞག་དང་འགྲན་རྩོད་གོ་རིམ་ལྡན་པ། གནད་འཁེལ་འཐུས་ཚང་བཅས་ཀྱི་གཞི་གྲངས་དཔལ་འབྱོར་གྱི་དེང་རབས་ཁྲོམ་རའི་མ་ལག་ཅིག་གང་མགྱོགས་གྲུབ་པར་བྱས་ཏེ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དེ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པར་བྱེད་རྒྱུ་རེད།

འཆར་འགོད་ནང་གཞི་གྲངས་དཔལ་འབྱོར་གྱི་རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་གཏོང་རྒྱུ་དང་རིམ་སྤོར་བྱེད་པ་སོགས་ཕྱོགས་བརྒྱད་ཀྱི་ངོས་ཐད་ནས་ལས་འགན་གཙོ་བོར་བཀོད་སྒྲིག་བྱས་པར་མ་ཟད། ཆ་འཕྲིན་དྲ་རྒྱའི་རྨང་གཞིའི་སྒྲིག་ཆས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་རིམ་སྤོར་བྱེད་པ་སོགས་ཆེད་དོན་བཟོ་སྐྲུན་ལས་རིམ་ཁག་བཅུ་གཅིག་ལ་གསལ་ཁ་བཏོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།