རྒྱལ་ཁབ་རིག་གནས་སྤྱི་གླིང་གི་འཛུགས་སྐྲུན་ལ་མུ་མཐུད་དུ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ལམ་བསྡུས་པའི2022ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐིང་གི་ཅུའུ་ཀྲང་གྲོས་ཚོགས་སྟེང་ནས་རྒྱུས་ལོན་པ་ལྟར་ན། 2022ལོར་རིག་གནས་དང་ཡུལ་སྐོར་པུའུ་ཡིས་ལྕགས་རི་རིང་པོ་དང་མིས་བཟོས་གཙང་བོ་ཆེན་པོ། རྒྱང་སྐྱོད། རྨ་ཆུ། འབྲི་ཆུ་བཅས་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་འཛུགས་སྐྲུན་ལ་མུ་མཐུད་དུ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས། རྒྱལ་ཁབ་རིག་གནས་སྤྱི་གླིང་གི་གཞུང་ཕྱོགས་དྲ་ཚིགས་དང་གཞི་གྲངས་སྤྲིན་སྟེགས་འཛུགས་བཞིན་ཡོད།

2022ལོར་རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བའི་བརྗོད་དོན་གྱི་རིག་རྩལ་གསར་རྩོམ་རྩ་འཛུགས་བྱས་ཏེ། བརྗོད་དོན་རང་བཞིན་གྱི་རིག་རྩལ་གསར་རྩོམ་དང་འཁྲབ་སྟོན། འགྲེམ་སྟོན་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབས། དེ་མིན་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པའི་རིག་རྩལ་འཁྲབ་སྟོན་གལ་ཆེན་སྤེལ་རྒྱུ་རེད། ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གསུམ་པ2022ལོའི་ལོ་སྨད་དུ་སྤེལ་རྩིས་ཡོད་ཅིང་། ཐོག་དང་པོར་རིག་གནས་ཡུལ་སྐོར་པུའུ་དང་པེ་ཅིང་དང་ཐེན་ཅིང་། ཧོ་པེ་བཅས་ས་ཁུལ་གསུམ་དང་མཉམ་འབྲེལ་སྒོས་སྤེལ་རྒྱུ་ཡིན་ལིང་། ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གསུམ་པས་ཉེ་བའི་ལོ་འགའི་རིང་གསར་རྩོམ་བྱས་པའི་བརྩམས་ཆོས་ཕུལ་བྱུང་མངོན་པར་མཚོན་རྒྱུ་རེད།

2021ལོར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཁབ་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་གི་དཔེ་སྟོན་ཁུལ27དང་། 2021ལོ་ནས2023ལོའི་ཀྲུང་གོའི་དམངས་ཁྲོད་རིག་གནས་ཀྱི་ཕ་ས183ལ་མིང་བཏགས་པ་དང་རེད། རྒྱལ་ཡོངས་ཀྱི་གནའ་དཔེ་ཐོན་ཁུངས་ཀྱི་ཁྱབ་ཚུལ་དང་ཉར་ཚགས་ཀྱི་གནས་ཚུལ་ཕལ་ཆེར་གསལ་བོར་ཤེས་པ་དང་། རྒྱལ་ཁབ་ཀྱི་གནའ་དཔེ་མིང་ཐོ་སྐོར་དྲུག་པ་དང་རྒྱལ་ཡོངས་ཀྱི་གནའ་དཔེ་གཙོ་གནད་སྲུང་སྐྱོང་སྡེ་ཁག་གི་མིང་ཐོ་ཁྱབ་བསྒྲགས་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐོར་ལྔ་བའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས325ཁྱབ་བསྒྲགས་བྱས་པ་དང་། རིག་གནས་དང་ཡུལ་སྐོར་པུའུ་ཡིས་གཏན་ཁེལ་བྱས་པའི་སྲུང་སྐྱོང་སྡེ་ཁག445ཡོད། ཀྲུང་གོའི་སྲོལ་རྒྱུན་བཟོ་རྩལ་དར་སྤེལ་དུ་གཏོང་བའི་འཆར་གཞི་གཏིང་ཟབ་པའི་སྒོ་ནས་ལག་བསྟར་བྱས་པ་དང་། ས་གནས་སོ་སོས་གཟུགས་འདས་ཤུལ་བཞག་གི་བཟོ་གྲྭ1100ཙམ་བཙུགས་ཡོད། ཀྲེ་ཅང་གི་ཡུས་གྲོང་ཚོ་དང་ཨན་ཧུའེ་ཡི་ཞི་བདེ་གྲོང་ཚོ་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐོར་དང་པོའི་འཛམ་གླིང་གནས་སྐོར་རྩ་འཛུགས་ཀྱི“ཆེས་ལེགས་པའི་ཡུལ་སྐོར་གྲོང་ཚོ”རུ་བདམས་ཐོན་བྱུང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།