ཀྲུང་གོ་བོད་ཀྱི་དྲ་བ།

ཐེན་ཅིན་གྲོང་ཁྱེར་གྱིས་ཟླ1པའི་ཚེས12ཉིན་གྱི་ཕྱི་དྲོ་ནས་དམངས་ཡོངས་ལ་སྐོར་ཐེངས་གཉིས་པའི་ཉིང་སྐྱུར་བརྟག་དཔྱད་བྱེད་མགོ་རྩོམ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས12ཉིན། ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གསལ་བསྒྲགས་གལ་ཆེན་སྤེལ་དོན།  ཐེན་ཅིན་གྲོང་ཁྱེར་གྱི་དམངས་ཡོངས་ལ་སྐོར་ཐེངས་གཉིས་པའི་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བྱ་བ་བཟང་བོ་བསྒྲུབ་ཆེད། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ལས་ཁུངས་དང་ཁེ་ལས། ལས་དོན་ལས་ཁུངས་བཅས་ཚང་མར་ཟླ1པོའི་ཚེས12ཉིན་གྱི་ཕྱི་དྲོར་གནང་བ་སྟེར་རྒྱུ་ཡིན་ལ། རྒྱ་ཆེའི་ལས་བཟོ་བ་རྣམས་རང་ཉིད་ཀྱི་འདུག་གནས་ནས་ལྟོས་བཅོས་ཀྱི་འགུལ་སྐྱོད་མི་བྱེད་པར། ཆུས་སོ་སོའི་སྔོན་འགོག་ཚོད་འཛིན་བཀོད་འདོམ་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་དང་སྲང་ལམ(ཤང་དང་གྲོང་རྡལ)། སྡེ་ཁུལ(སྡེ་བ)བཅས་ཀྱི་བཀོད་སྒྲིག་ལྟར། སྐོར་ཐེངས་གཉིས་པའི་ཉིང་སྐྱུར་བརྟག་དཔྱད་བྱ་བར་གཞོགས་འདེགས་བཟང་བོ་བྱ་དགོས། ཉིང་སྐྱུར་བརྟག་དཔྱད་བྱས་ཚར་རྗེས་རང་ཁྱིམ་ནས་དཔྱད་འབྲས་ལ་སྒུག་རྒྱུ་ལས་དཔྱད་འབྲས་སྲིབ་གཤིས་མ་ཡིན་པར་འགྲོ་འོང་གཏན་ནས་བྱ་མི་ཆོག

ཟླ1པོའི་ཚེས11ཉིན་གྱི་དུས་ཚོད12བར། ཐེངས་འདིའི་རིམས་ནད་ལས་ཐེན་ཅིན་གྲོང་ཁྱེར་དུ་སྙན་ཞུ་གདག་གཤིས་མངོན་པའི་འགོས་ཁྱབ་མི་སྣ97བྱུང་ཞིང་། དེའི་ཁྲོད་རང་ས་གནས་ཀྱི་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ49དང་། ནད་རྟགས་མེད་པའི་འགོས་ཁྱབ་མི་སྣ15ཡོད་ལ། དེ་མིན་གྱི་མི33ནི་ཐོག་མའི་དཔྱད་འབྲས་གདག་གཤིས་ཡིན་མོད་ཆེད་མཁས་པས་ད་དུང་སྔར་ལས་ལྷག་པར་དཔྱད་འབྲས་ལ་ཞིབ་དཔྱད་བྱ་དགོས་པ་རེད། དེའི་ཁྲོད། ཅིན་ནན་ཆུས་ལ་ནད་པ90དང་ཞི་ཆིན་ཆུས་ལ་ནད་པ3། ཧི་ཞི་ཆུས་ལ་ནད་པ3། པིན་ཧའེ་ཆུས་ལ་ནད་པ1བཅས་ཡོད་པ་རེད། མིག་སྔའི་བར། རང་ས་གནས་ཀྱི་ནད་རྟགས་མེད་པའི་འགོས་ཁྱབ་མི་སྣ་གཅིག་ཀྱང་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ་རུ་གྱུར་མེད། 

ཐེན་ཅིན་གྲོང་ཁྱེར་གྱི་དམངས་ཡོངས་ལ་སྐོར་ཐེངས་དང་པོའི་ཉིང་སྐྱུར་བརྟག་དཔྱད་བྱས་པའི་དུས་ཚོད་ནི་ཟླ1པོའི་ཚེས9ཉིན་གྱི་དུས་ཚོད7པ་ནས་མགོ་བརྩམས་ཏེ་བསྡོམས་པས་མི11912280ཡི་མ་དཔེ་བླངས་ཤིང་། མི7892591གི་བརྟག་དཔྱད་མཐུག་འབྲས་ཐོན་པ་ལས་མི77གྱི་དཔྱད་འབྲས་གདག་གཤིས་ཡིན་པ་ཤེས། འབྲེལ་ཡོད་ཀྱི་བརྟག་དཔྱད་བྱ་བ་སྒྲུབ་བཞིན་པའི་སྒང་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།