ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཕོ་ལན་གྱི་སྲིད་འཛིན་ཏུའུ་ཏ་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་ལན་གྱི་སྲིད་འཛིན་ཏུའུ་ཏ་ལ་གློག་འཕྲིན་བཏང་སྟེ་ཏུའུ་ཏ་ལགས་ལ་པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་འཚམས་འདྲི་བྱས། 

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ལ་པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པ་ཤེས་རྗེས། ངེད་ཀྱིས་ལྷག་བསམ་ཟོལ་མེད་སྒོས་འཚམས་འདྲི་བྱེད་རྒྱུ་ཡིན་པ་མ་ཟད། ཕོ་ལན་མི་དམངས་ཀྱིས་སྔ་མོ་ནས་རིམས་ནད་ལས་རྒྱལ་བར་སྨོན་འདུན་ཞུ་བ་ཡིན། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་དུ། ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་བར་ཕན་ཚུན་རྒྱབ་སྐྱོར་དང་། ཐུན་མོང་གིས་རིམས་འགོག་བྱས་ནས། སྲོལ་རྒྱུན་མཛའ་འབྲེལ་ཇེ་ཟབ་དུ་བཏང་བ་རེད། ངེད་ཀྱིས་ཀྲུང་གོ་དང་ཕོ་ལན་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བླ་མེད་བྱེད་བཞིན་ཡོད་པས། སྐུ་ཞབས་ཁྱེད་དང་མཉམ་དུ་ཀྲུང་གོ་དང་ཕོ་ལན་གྱི་འཐབ་ཇུས་རོགས་རེས་འབྲེལ་བ་མུ་མཐུད་དུ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་འབད་བརྩོན་བྱ་འཆར་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།