ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་དབུལ་ཐར་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་ཁྲི1.25ལས་བརྒལ་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2021ལོར། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་མངོན་འགྱུར་གྱི་མགོ་ལེགས་པོར་བཙུགས་ཡོད། ཚགས་འཛུགས་བྱང་སྒྲིག་དབུལ་ཐར་མི་འབོར་ལྟ་ཞིབ་ཀྱི་གཞི་གྲངས་ལྟར་ན། དབུལ་ཐར་མི་འབོར་གྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་ཏེ། 2021ལོར་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་ཁྲི1.25ལས་བརྒལ་ལ། ལོ་སྔོན་མ་ལས་སྒོར1790ཡིས་ཇེ་མང་དུ་ཕྱིན་པ་དང་། འཕར་ཚད16.5%ལས་བརྒལ། 

ལམ་སྲོལ་འཐུས་ཚང་བཟོས་ནས་མཐའ་ཚད་བསྲུངས། 2021ལོར། ས་གནས་སོ་སོས་མགྱོགས་མྱུར་ངང་དབུལ་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་ལམ་སྲོལ་བཙུགས་ཤིང་། ལྟ་ཞིབ་དམིགས་ཚད་མ་ལག་ལེགས་བཅོས་བྱས་ནས། དུས་ལྟར་སྙོམས་སྒྲིག་བརྡ་ཁྱབ་བཏང་ཡོད།  

ཡོང་འབབ་འཕར་སྣོན་ལ་དམིགས་ནས་རྨང་གཞི་སྲ་བརྟན་དུ་བཏང་། བཅུ་ཆའི་བརྒྱད་ལས་བརྒལ་བའི་དབུལ་ཐར་རྫོང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ་དང་། དབུལ་ཐར་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་བརྟན་བརླིང་ངང་འཕེལ་རྒྱས་རྒྱ་ཆེར་སོང་ཡོད། 2021ལོར། དབུལ་ཐར་ངལ་རྩོལ་ཞོར་ལས་པའི་གཞི་ཁྱོན་བརྟན་བརླིང་ངང་ཇེ་ཆེར་སོང་ཞིང་། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་པར་གྲུབ་ཡོད། 

སྐྱེ་ལྡན་འདྲེས་སྦྱོར་བྱས་ནས་དར་སྤེལ་ལ་སྐུལ་འདེད་བཏང་། 2021ལོར། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་སྐུལ་འདེད་ལ་འབྲེལ་མཐུད་བྱས་ནས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1561བཏང་བ་དང་། ལོ་སྔོན་མ་ལས་སྒོར་དུང་ཕྱུར100ཡིས་ཇེ་མང་དུ་སོང་ཡོད། རྒྱལ་ཁབ་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང160གཏན་འཁེལ་བྱས་ཤིང་ཕྱོགས་མང་པོའི་གཟིགས་སྐྱོང་རྒྱབ་སྐྱོར་སྲིད་ཇུས་བཏོན། ཤར་རྒྱུད་ཞིང་ཆེན(གྲོང་ཁྱེར)8ཀྱིས་ནུབ་རྒྱུད་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)10ལ་འབྲེལ་མཐུད་རོགས་སྐྱོར་བྱས་ཤིང་། ཤར་རྒྱུད་ཀྱིས་རོགས་ལས་ས་ཁུལ་ལ་ནོར་སྲིད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར228.7བཏང་བ་དང་། རོགས་རེས་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣ་ཁྲི2.3བཏང་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།