ཀྲུང་གོ་བོད་ཀྱི་དྲ་བ།

ཐེངས་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་སྐོར་ཐེངས་ལྔ་བས་ཕྱོགས་ཡོངས་ནས་ལྟ་སྐུལ་བཅའ་སྡོད་ལས་དོན་ལེགས་འགྲུབ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ1པོའི་ཚེས5ཉིན་བར་དུ། ཐེངས་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་སྐོར་ཐེངས་ལྔ་བས་ཕྱོགས་ཡོངས་ནས་ལྟ་སྐུལ་བཅའ་སྡོད་ལས་དོན་ལེགས་འགྲུབ་བྱས་ཡོད། ལྟ་སྐུལ་ཚན་ཆུང་སོ་སོར་བསྡོམས་པས་མང་ཚོགས་ཀྱི་ཁ་པར་དང་འཕྲིན་ཡིག་ཞུ་གཏུག13108འབྱོར་བ་དང་། ནུས་ལྡན་ཞུ་གཏུག9656བདག་སྤྲོད་བྱས་ལ། གྱོད་དོན་དཔྱད་འདེམས་དག་སྒྲིག་བྱས་རྗེས་འབྲེལ་ཡོད་ཞིང་ལྗོངས་ལ་གྱོད་དོན8016བརྒྱུད་སྤྲོད་བྱས། འབྲེལ་ཡོད་ཞིང་ལྗོངས་ཀྱིས་གྱོད་དོན6106ཐག་བཅད་པའམ་དུས་མཚམས་ཐག་གཅོད་བྱས། དེའི་ནང་གྱོད་དོན683ཐོ་འགོད་ཆད་གཅོད་བྱས་ལ། གྱོད་དོན61ཐོ་འགོད་རྩད་ཞིབ་བྱས་ཤིང་མི54འཛིན་བཟུང་བཀག་ཉར་བྱས། ཏང་སྲིད་མགོ་ཁྲིད་ལས་བྱེད་མི་སྣ546ལ་ཁ་ཏ་རྩད་འདྲི་བྱས་ཤིང་ཏང་སྲིད་མགོ་ཁྲིད་ལས་བྱེད་མི་སྣ478ལ་འགན་འཁྲི་བདའ་འདེད་བྱས།

ལྟ་སྐུལ་ཚན་ཆུང་གིས་བཅའ་སྡོད་བྱེད་དུས་གཞི་རིམ་དང་འཐབ་ཡུལ་དང་པོ། ཡུལ་དངོས་བཅས་སུ་བསྐྱོད་དེ་རྨོངས་ཚོད་ཀྱི་ལག་བསྟར་བྱས་པའི་མཐོ་གཉིས་ལས་གཞི་དང་སྐྱེ་ཁམས་གཏོར་བརླག་ཚབས་ཆེན་ཡིན་པ། ཁོ་རཡུག་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་རྗེས་ལུས་ཡིན་པ། ཁྲིམས་འགལ་གྱིས་སྦག་བཙོག་ཕྱིར་གཏོང་སོགས་འབུར་ཐོན་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་སྐོར་ཞིག་རྩད་གཅོད་བྱས་པ་དང་། ལས་དོན་མི་སྒྲུབ་པ་དང་ལས་དོན་འགོར་འགྱངས་བྱེད་པ། འགན་འཁྲི་མི་འཁུར་པ། དཀའ་གནད་མི་སྒྲུབ་པ་བཅས་ཞིབ་བསྡུར་བྱས་ཤིང་། ཐ་ན་སླ་བཅོས་ཁ་གཏད་དང་མི་བདེན་རྫུན་བཟོ་སོགས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱས། འབྲེལ་ཡོད་ཞིང་ལྗོངས་ཀྱིས་ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་མཐོང་ཆེན་བྱས་ཏེ། ལྟ་སྐུལ་སྐུལ་སློང་དང་ཡུལ་དངོས་སྐུལ་སྒྲུབ། ཆེད་དོན་ཚོགས་འདུ་འཚོག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཤུགས་ཆེན་པོས་དག་སྒྲིག་དངོས་འབེབས་ལ་སྐུལ་འདེད་བཏང་། 

ཐེངས་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་སྐོར་ཐེངས་ལྔ་བའི་ལྟ་སྐུལ་ཚན་ཆུང4ཡིས2021ལོའི་ཟླ12པའི་ཚེས3ཉིན་ནས་ཚེས5ཉིན་བར་སྔ་རྗེས་སུ་ཧའེ་ལུང་ཅང་དང་ཀོས་ཀྲོའུ། ཧྲའན་ཞི། ཉིང་ཞ་བཅས་ཞིང་ལྗོངས4རུ་ལྟ་སྐུལ་ལས་དོན་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།