ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་རྣམ་བཤད་གཅེས་བསྡུས》པར་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་བཅས་ཀྱིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་རྣམ་བཤད་གཅེས་བསྡུས》ཞེས་པའི་དཔེ་དེབ་དེ་ཉེ་ལམ་ཀྲུང་དབྱང་ཡིག་ཆ་པར་སྐྲུན་ཁང་དང་ཀྲུང་གོ་ཧྥང་ཀྲིན་པར་སྐྲུན་ཁང་གིས་པར་སྐྲུན་བྱས་ལ། རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས་ཡོད།

རང་ཉིད་གསར་བརྗེ་བྱེད་ཕོད་པ་ནི་ང་ཚོའི་ཏང་དང་གཞན་པའི་སྲིད་ཏང་བར་གྱི་མངོན་གསལ་གྱིས་ཁྱད་པར་དང་མཚོན་རྟགས་ཤིག་ཡིན། ཏང་གིས་ནམ་ཡང་མི་ཕམ་པའི་གནས་སྲུང་འཛིན་བྱེད་དགོས་ན་མུ་མཐུད་དུ་རང་ཉིད་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་གྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་། རྒྱལ་སྐྱོང་སྲིད་གཉེར་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་ལ། ང་ཚོའི་ཏང་གིས་ཕྱོགས་ཡོངས་ལ་མགོ་ཁྲིད་དང་ཡུན་རིང་སྲིད་འཛིན་བྱེད་པར་འཕྲད་པའི་འགྲན་སློང་ཆེས་ཆེ་བ་ནི་དབང་ཆའི་ལྟ་སྐུལ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་ལྟེ་བ་ཡིན་པའི་ཏང་ཀྲུང་དབྱང་གིས་སྔར་ཡོད་མ་མྱོང་བའི་བློ་སྤོབས་དང་གདེང་ཤུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་མོས་བསྐྱངས་པ་དང་། རང་ཉིད་གསར་བརྗེའི"དྲག་རྩལ"ཆ་ཚང་ཞིག་བཏོད་ཡོད། ཏང་གི་མགོ་ཁྲིད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་དང་ས་གནས་རིམ་པ་སོ་སོའི་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་འཛུགས་པར་སྐུལ་འདེད་བཏང་ལ། བསྐོར་སྐྱོད་ལྟ་སྐུལ་ཞིབ་བཤེར་བྱེད་པའི་གོང་འོག་མཉམ་སྦྲེལ་གྱི་རྣམ་པ་འཛུགས་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་བོ་ཡིན་པ་དང་རིགས་སོ་སོའི་ལྟ་སྐུལ་མཉམ་འབྲེལ་མཐུན་སྦྱོར་ཡིན་པའི་ལམ་ལུགས་བཙུགས་ནས་དབང་ཆའི་འཁོར་རྒྱུག་གི་ཚོད་འཛིན་དང་ལྟ་སྐུལ་ལ་ཤུགས་བསྣན་ཞིང་། ཕན་ནུས་ལྡན་པའི་དབང་ཆའི་ལྟ་སྐུལ་ལམ་ལུགས་ཆ་ཚང་ཞིག་བཙུགས་ནས་ཏང་གིས་རང་ཉིད་གཙང་སྒྱུར་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་བརྗེ། རང་ཉིད་མཐོར་འདེགས་བྱེད་པའི་ལམ་ལུགས་ཚད་ལྡན་མ་ལག་ཆ་ཚང་ཞིག་ཆགས་ཡོད་ཅིང་། ཡུན་རིང་སྲིད་འཛིན་ཆ་རྐྱེན་འོག་རང་སྟེང་གི་གནད་དོན་ཐག་གཅོད་དང་ལོ་རྒྱུས་དུས་འཁོར་ལས་བརྒལ་བའི་བགྲོད་ལམ་ཞིག་འཚོལ་ཞིབ་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་བརྗོད་དོན་ཕུགས་རྒྱང་རིང་ཞིང་ཕུན་སུམ་ཚོགས་ལ། བསམ་བློ་གཏིང་ཟབ་པས། མི་དམངས་ཀྱིས་ལྟ་སྐུལ་དབང་ཆ་སྤྱོད་པ་དང་དབང་ཆ་དྲང་བདེན་དྲང་གཞག་ངང་སྤྱོད་པ། དབང་ཆ་དེ་སྒྲིག་སྲོལ་གྱི་འོག་ཏུ་བཅུག་ནས་མི་དམངས་ཀྱིས་བསྩལ་བའི་དབང་ཆ་དེས་ནམ་ཡང་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་ཁག་ཐེག་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་དེ་གཏིང་ཟབ་སར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་དང་། རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་ཡིན།

《ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་རྣམ་བཤད་གཅེས་བསྡུས》ལ་ཆེད་དོན10ཡོད་པ་དང་བསྡོམས་པས་རྣམ་བཤད371ཡོད་ལ། བློ་མཐུན་ཞི་ཅིན་ཕིང་གིས2012ལོའི་ཟླ11པའི་ཚེས15ཉིན་ནས2021ལོའི་ཟླ11པའི་ཚེས11ཉིན་བར་སྤེལ་འི་སྙན་ཞུ་དང་གསུང་བཤད། གསལ་བཤད། མཛུབ་སྟོན་སོགས་ཡིག་ཆ་གལ་ཆེན130ལྷག་ལས་བཏུས་པ་ཡིན། དེའི་ནང་གི་རྣམ་བཤད་ཁག་ཅིག་ནི་ཐོག་དང་པོར་སྤེལ་བ་ཡིན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།