ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག》དཔར་འགྲེམ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག》དཔར་འགྲེམ་བྱས་པར་མ་ཟད། (གཤམ་དུ་བསྡུས་མིང་ལ《སྲོལ་ཡིག》ཟེར།)བརྡ་སྦྱོར་ཡང་སྤེལ་ཏེ། ས་ཁུལ་དང་སྡེ་ཁག་སོ་སོས་ནན་ཏན་སྒོས་བརྩི་སྲུང་དང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་སྦྱོར་ལས་བསྟན་དོན། ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་བར་གླགས་སུ《སྲོལ་ཡིག》གཏན་འབེབས་བྱས་པ་ཡིས། རང་རེའི་ཏང་གིས་རང་ཉིད་གསར་བརྗེ་བྱེད་སྤོབས་པའི་ཆོད་སེམས་བརྟན་པོ་མཚོན་ཡོད། 《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་གཏིང་ཟབ་སྒོས་ལག་ལེན་མཐིལ་ཕྱིན་བྱེད་པ་དང་། ཏང་གི་རྩ་འཛིན་ནི་གཞི་རྩའི་བསྲུང་བྱར་བརྩིས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་བེད་སྤྱོད་གང་ལེགས་བྱས་ཤིང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་སྤེལ་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཐད་ཀྱི་གཞུང་ལུགས་ཀྱི་གྲུབ་འབྲས་དང་ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་གཏིང་ཟབ་ཏུ་བཏང་བ་དེས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་སྒྲིག་སྲོལ་དང་ཐོན་སྐྱེད་འཁོར་རྒྱུག འགན་འཁྲི་དང་ལས་འགན། རང་ཉིད་འཛུགས་སྐྲུན་སོགས་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་བ་དང་། ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། ལྟ་སྐུལ་འགན་སྲུང་ལག་བསྟར་དང་འཐུས་སྒོ་ཚང་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

བརྡ་སྦྱོར་ལ་བླང་བྱ་བཏོན་དོན། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་གཟབ་ནན་སྒོས《སྲོལ་ཡིག》གི་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་དོན་འཁྱོལ་དམ་འཛིན་ལེགས་པོར་བྱེད་ཅིང་། “འདུ་ཤེས་བཞི”ཇེ་དྲག་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་དང་། བློ་བརྟན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་སྤེལ་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་དང《སྲོལ་ཡིག》ནང་གཏན་འཁེལ་བྱས་པའི་འགན་འཁྲི་དང་ལས་འགན་ནན་བསྟར་བྱེད་པ་དང་། “སྲུང་སྐྱོང་གཉིས”ནི་ངེས་པར་དུ་ཆེས་མཐོ་བའི་ཆབ་སྲིད་ཀྱི་རྩ་དོན་དང་གཞི་རྩའི་ཆབ་སྲིད་ཀྱི་འགན་འཁྲི་རུ་བརྩིས་ནས། ནུས་སྟོབས་ལྡན་པའི་ཆབ་སྲིད་ལྟ་ཞིབ་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྲུན་ལ་སྔར་བས་ཤུགས་བསྣན་ཏེ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བྱ་བའི་ཆོས་ཉིད་དང་འཚམ་པའི་རྩ་འཛུགས་ཀྱི་ལམ་ལུགས་དང་། འཁོར་སྐྱོད་བྱེད་ཐབས། བཤེར་མཆན་འགོད་པའི་གོ་རིམ་འཐུས་ཚང་བའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་། སྲོལ་བསྟར་ཁྲིམས་བསྟར་གྱི་དབང་ཆ་ཡང་དག་ཚད་ལྡན་གྱིས་སྤྱོད་པར་ཁག་ཐེག་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ལག་བསྟར་ཁྲོད་ཀྱི་གནས་ཚུལ་གལ་ཆེན་དང་བསམ་འཆར་རྣམས་དུས་ཐོག་ཏུ་ཀྲུང་དབྱང་ལ་སྙན་སེང་འབུལ་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།