ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར7576ལེགས་འགྲུབ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཡོངས་ཆུ་བེད་ལས་དོན་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2021ལོའི་ལོ་ཧྲིལ་བོར་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར7576ལེགས་འགྲུབ་བྱས་ཤིང་། སྐོར་ཞིག་འཛུགས་སྐྲུན་དང་སྐོར་ཞིག་ལས་འགོ་རྩོམ་པ། སྐོར་ཞིག་རིགས་སྒྲུབ་བྱེད་པ། སྐོར་ཞིག་གསོག་ཉར་བྱེད་པའི་བཀོད་སྒྲིག་ལ་གཞིགས་ཏེ། ཆུ་བེད་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ལ། གཙོ་གནད་ཆུ་བེད་བཟོ་འགོད150ལས་ལས་གཞི67ལ་ཆོག་མཆན་སྤྲད་པ་དང་། ལས་གཞི62ལས་མགོ་བརྩམས་ཡོད།

ན་ནིང་ཆུ་བེད་རྨང་གཞི་སྒྲིག་ཆས་ཐད་ཀྱི་དངུལ་གཏོང་གི་དམངས་ཕན་ཁྱབ་རྒྱ་དང་སྐུལ་ཁྲིད་ནུས་པ་ཆེ་བའི་ལེགས་ཆ་གང་ལེགས་ཀྱིས་མངོན་ཡོད། ཆུ་བེད་སྡེ་ཁག་གིས་ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་བཟོ་འགོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་གནད་དོན་ཞིབ་འཇུག་དང་ཆེད་དོན་གཙོ་བོའི་རིགས་སྒྲུབ་སྤེལ་བ་རེད། གཙོ་གནད་བཟོ་འགོད་སྐོར་ཞིག་གིས་དུས་མཚམས་རང་བཞིན་གྱི་དམིགས་ཚད་མངོན་འགྱུར་བྱས་ཤིང་། ཀན་སུའུ་ཡི་ཐའོ་ཆུ་འདྲེན་པའི་བཟོ་འགོད་སྐབས་གཉིས་པ་སོགས་བཟོ་འགོད་ཚང་མས་ཆུ་དྲངས་པ་དང་། ཧི་ནན་ཁྲུའུ་ཧྲན་ཏེན་ཆུ་མཛོད་སོགས་གཙོ་གནད་ཆུ་བེད་བཟོ་འགོད20ལེགས་འགྲུབ་བྱས་ཏེ་ཞིབ་བཤེར་རྩིས་ལེན་ཐོབ། ཐན་འགོག་ཞོད་འགོག་གི་ཆུ་བེད་མཐོར་འདེགས་དང་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཆུ་བོ་ཆུང་འབྲིང་གི་བཞུར་རྒྱུད་སྤྱི་ལེ་ཁྲི1.1བཅོས་སྐྱོང་བྱས་ལ། གཙོ་གནད་ཆུ་ལོག་ལུང་ཤུར175བཅོས་སྐྱོང་བྱས།

2022ལོར། ཆུ་བེད་སྡེ་ཁག་གིས་ཆུའི་ཐོན་ཁུངས་ཀྱི་སྤྱི་འདོམས་སྒྲིག་སྦྱོར་ནུས་པ་དང་ཆུ་འདོན་འགན་སྲུང་ནུས་པ། འཐབ་ཇུས་གསོག་ཉར་ནུས་པ་བཅས་ཇེ་ཆེར་བཏང་ནས་རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་འཆར་འགོད་རྩ་གནད་སྒྲིག་བཟོ་ལེགས་འགྲུབ་བྱས་ཏེ། རྒྱལ་ཁབ་ཆུ་དྲའི་སྒྲོམ་གཞི་གཙོ་བོ་དང་མ་ལམ་གཙོ་བོའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། ཚན་རིག་ལྟར་ལྷོ་ཆུ་བྱང་འདྲེན་དང་དབུས་རྒྱུད་ཀྱི་རྗེས་མཐུད་བཟོ་འགོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ནུབ་རྒྱུད་བཟོ་འགོད་ཀྱི་དུས་སྐབས་སྔོན་མའི་རིགས་སྒྲུབ་ལས་དོན་སྤེལ་བ་རེད། གཞན་ཡང་ཞིང་ཆེན་རིམ་པའི་ཆུ་དྲ་འཛུགས་སྐྲུན་གྱི་ཐད་ལ། ས་ཁུལ་སོ་སོས་རང་ས་ཁུལ་གྱི་ཆུ་དྲ་འཛུགས་སྐྲུན་གྱི་ལས་འགན་ཇུས་འགོད་དང་ལག་བསྟར་གང་ལེགས་བྱས་ནས། རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་ཁྱབ་ཚུལ་དང་གཙོ་གནད་ལས་འགན་ལ་ཕན་ནུས་ལྡན་པའི་སྦྲེལ་མཐུད་ལེགས་པོ་བྱས་ཡོད།

ཞིང་བའི་འཐུང་ཆུ་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད། 2021ལོར་ཞིང་སྡེའི་མི་གྲངས་ཁྲི4263ལ་ཆུ་འདོན་སྤྲོད་བྱེད་པའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་སོང་ཞིང་། ཞིང་སྡེའི་རང་འབབ་ཆུ་ཁྱབ་གདལ་དུ་བཏང་ཚད84%ལ་སླེབས་ནས་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་པ་དང་། ཞིང་སྡེའི་ཆུ་འདོན་སྤྲོད་བཟོ་འགོད་ཁྲི9.9ཡི་ཞིག་གསོ་བདག་སྐྱོང་ལེགས་འགྲུབ་བྱས། ཆུ་བེད་པུའུ་ཡིས2022ལོའི་ལོ་མཇུག་ལ་རྒྱལ་ཡོངས་ཀྱི་ཞིང་སྡེའི་རང་འབབ་ཆུ་ཁྱབ་གདལ་གཏོང་ཚད་དེ85%ལ་སླེབས་པའི་དམིགས་ཚད་ལ་གཞིགས་ནས། ཤང་གྲོང་གི་ཆུ་འདོན་སྤྲོད་གཅིག་གྱུར་ཅན་དང་ཞིང་སྡེའི་ཆུ་འདོན་སྤྲོད་གཞི་ཁྱོན་ཅན་དུ་འཕེལ་རྒྱས་སུ་གཏོང་བ་དང་། གཞི་ཁྱོན་ཆུང་བའི་ཆུ་འདོན་སྤྲོད་བཟོ་འགོད་ཚད་ལྡན་ཅན་དུ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ། གཞི་ཁྱོན་ཆུང་བའི་ཁ་ཐོར་སྒོས་ཆུ་འདོན་སྤྲོད་བྱེད་པའི་མི་གྲངས་ཇེ་ཉུང་དུ་གཏོང་དགོས། དབུལ་ཕོངས་ས་ཁུལ་དང་ཆུ་འདོན་སྤྲོད་བྱེད་ཤུགས་ཆུང་བའི་ས་ཁུལ་གྱི་བརྟག་བཤེར་ཚད་ལེན་བྱེད་ཐེངས་ཇེ་མང་དུ་བཏང་ནས། ཞིང་སྡེའི་ཆུ་འདོན་སྤྲོད་གནད་དོན་མགྱོགས་མྱུར་ངང་རྙེད་པ་དང་འཕྲལ་བསྟུན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་གཞི་ཁྱོན་ཅན་དང་མ་ལག་ཅན། ཚད་མཐའི་འཐུང་ཆུ་བདེ་འཇགས་ཀྱི་ཉེན་ཁ་འབྱུང་བར་གཏན་འགོག་བྱེད་དགོས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།