རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་བསུ་བ་དང་དྲིལ་སྒྲོག དོན་འཁྱོལ་བཅས་བྱ་རྒྱུར་དམ་པོར་དམིགས་ཏེ། དྲིལ་བསྒྲགས་བསམ་བློའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། འབད་འབུངས་ཀྱིས་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དེ་དུས་རབས་གསར་པར་བྱས་རྗེས་འཇོག་ཆེད་བསམ་པའི་འགན་ལེན་ནུས་ལྡན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས། 

  ཟླ1པོའི་ཚེས5ཉིན། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། 

ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩ་བ་བརྟན་སྲུང་དང་གསར་གཏོད་སྒོས་དྲིལ་སྒྲོག་དང་བསམ་བློའི་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་། དྲིལ་སྒྲོག་དང་བསམ་བློའི་ལས་དོན་གྱི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ལ་ལན་གཏིང་ཟབ་བསྐྱོན་ནས། དུས་རབས་གསར་པའི་དྲིལ་སྒྲོག་དང་བསམ་བློའི་ལས་དོན་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་དེར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། 

 ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོའི་དྲིལ་སྒྲོག་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་འབུར་དུ་བཏོན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མིའི་སེམས་ལ་གཤགས་པར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་རང་རྟོགས་ངང་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་དད་སེམས་བརྟན་པོ་འཆང་མཁན་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། བློ་གཅིག་སེམས་གཅིག་དང་ནུས་ཤུགས་གང་ཡོད་ཀྱིས་གསར་འགྱུར་དྲིལ་སྒྲོག་དང་རིག་རྩལ་དྲིལ་སྒྲོག སྤྱི་ཚོགས་དྲིལ་སྒྲོག་སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་ཁོར་ཡུག་ལེགས་པོ་བསྐྲུན་དགོས། རིག་གནས་ཐོན་རྫས་སྤུས་ལེགས་དང་ཞབས་ཞུ་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་ནས། མི་དམངས་ལ་བསམ་པའི་རྒྱགས་ཕྱེ་སྔར་ལས་མང་ཞིང་ལེགས་པ་མཁོ་འདོན་བྱ་དགོས། ཕྱི་ཕྱོགས་དྲིལ་སྒྲོག་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏང་དགོས། དྲིལ་སྒྲོག་དང་བསམ་བློའི་འཐབ་ཕྱོགས་ཀྱི་ཏང་གི་མགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིང་གིས་ཚོགས་འདུ་མགོ་འཛིན་མཛད་ཅིང་ལས་དོན་བཀོད་སྒྲིག་ཀྱང་གནང་། ཁོང་གིས་བསྟན་དོན། ད་ལོའི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྟན་ཐོག་ཡར་འཕེལ་དང་བདེན་སྲུང་གསར་གཏོད་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་བ་དང་དྲིལ་སྒྲོག དོན་འཁྱོལ་བྱེད་པར་དམ་པོར་དམིགས་ཏེ། དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏང་དགོས། བསམ་བློའི་དར་ཆ་མཐོན་པོར་སྒྲེང་ཞིང་། འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་དུ་བསྡུས་ནས། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བླ་སྲོག་གཏོད་པ་དང་། བདེ་འཇགས་ཀྱི་རྨང་གཞི་བརྟན་པོར་འདིང་བ། ཀྲུང་གོའི་སྐད་སྒྲའི་འགྱུར་འཁུར་ཇེ་དྲག་ཏུ་གཏོང་བ་བཅས་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ནས། གསར་འགྱུར་དཔེ་སྐྲུན་དང་རིག་གནས་རིག་རྩལ། བསམ་པའི་དཔལ་ཡོན་གཏོད་པ། རྒྱལ་སྤྱིའི་བརྒྱུད་སྤེལ་སོགས་ཀྱི་ལས་དོན་སོ་སོར་སྤྱི་འདོམས་ཡག་པོ་བྱས་ཏེ། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བས་བཏོན་པའི་ཏང་དགའ་རྒྱལ་གཅེས་སྤྱི་ཚོགས་རིང་ལུགས་ལ་དུང་བའི་སྤྲོ་སེམས་བརྒྱུད་བསྒྲགས་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྙིང་སྟོབས་སྔར་བས་ཆེར་སྐྱེད་ཀྱིས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཡིད་ཆེས་ཆེན་པོས་བགྲོལ་ལམ་གསར་བར་བསྐྱོད་པར་སྐུལ་ལྕག་གཏང་དགོས། དྲིལ་སྒྲོག་དང་བསམ་བློའི་འཐབ་ཕྱོགས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་བསྣན་ནས། ཏང་གི་མགོ་ཁྲིད་དེ་ལས་དོན་གྱི་ཕྱོགས་སོ་སོར་ལག་བསྟར་བྱས་ཏེ། དུས་རབས་ཀྱིས་དཀྲིས་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་སྔར་ལས་ལྷག་པའི་སྒོ་ནས་ཕྲག་ཏུ་ལེན་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།