ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བྱང་གི་རིམས་འགོག་རོགས་སྐྱོར་མི་སྣ་ཞི་ཨན་དུ་འབྱོར་འདུག

ཡོང་ཁུངས། : གངས་ལྗོངས་འཕྲིན་གསར།     སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཧྲན་ཏུང་ཅི་ཉིང་དང་། ཨན་ཧུའེ་སུའུ་ཀྲོའུ། ཀོང་ཏུང་ཧུ་ཡོན་དང་ཀུའེ་ཀྲོའུ་ཆན་ཞི་ནན་ཀྲོའུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་རེད། 

ཉེ་ཆར། ཧྲའན་ཞི་ཞི་ཨན་གྱི་ན་གཞོན་ཞིག་མཚན་མོར་མྱུར་སྐྱོབ་རླངས་འཁོར་འཇོག་སར་སྐྱོད་ནས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཞི་ཨན་ལ་རོགས་སྐྱོར་བྱེད་པའི་མྱུར་སྐྱོབ་རླངས་འཁོར་ཟིན་ཐོར་བཀོད་པའི་སྣང་ཚུལ་འདིས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག 

ས་ཆ་མང་བོའི་མྱུར་སྐྱོབ་རླངས་འཁོར་གྱིས་ཞི་ཨན་ལ་རོགས་སྐྱོར་བྱེད་པ་དེ། ན་གཞོན་གྱིས་མི་སེམས་འགུལ་བའི་སྣང་བརྙན་དེ་བརྙན་ལམ་ནས་ཟིན་ཐོར་བཀོད།

图片

དྲ་གྲོགས་ཚོས་མིག་ཆུ་ཤོར་སོང་། རྒྱལ་ཡོངས་ས་གནས་ཁག་གི་རོགས་སྐྱོབ་ལ་བཀའ་དྲིན་ཆེ། “ཕྱོགས་གཅིག་ལ་དཀའ་ཁག་ཡོད་ན། ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད།” “ཀྲུང་གོའི་སྟོབས་ཤུགས་ལ་བསྟོད་བསྔགས་བྱེད། སྨན་དོན་མི་སྣས་དཀའ་ལས་མྱངས་སོང་།”

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།