ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པེ་ཅིང་ནས་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས4ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་གཞུག་ཏུ་རྒྱལ་ཁབ་མགྱོགས་ཤུད་ཁང་དང་པེ་ཅིང་དགུན་དུསཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས། དགུན་དུས་དབང་བོ་སྐྱོན་ཅན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྨྱན་བྱད་གཙོ་བོའི་ལྟེ་གནས། པེ་ཅིང་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྡེ་བ། པེ་ཅིང་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བཀོད་འདོམས་པུའུ་བཀོད་གཏོང་ལྟེ་གནས། གཉིས་བདུན་བཟོ་གྲྭ་གངས་འཁྱགས་རྣམ་གྲངས་སྦྱོར་བརྡར་རྟེན་གཞི་བཅས་སུ་ཕེབས་ནས། ཡུལ་དངོས་སུ2022ལོའི་པེ་ཅིང་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་བ་མ་ཟད། ལུས་རྩལ་པ་དང་རྩལ་འཁྲིད་པ། འཁོར་སྐྱོད་དོ་དམ་མི་སྣ། ཞབས་ཞུ་འགན་སྲུང་མི་སྣ། ཚན་ཞིབ་མི་སྣ། སྨྱན་བྱད་ཀྱི་གསར་འགོད་པ་དང་དང་བླངས་པ་བཅས་ལ་འཚམས་འདྲི་གནང་སྟེ་ཚང་མར་ལོ་སར་གྱི་སྨོན་འདུན་ཞུས་པ་རེད།  

1128232245_16413088047191n.jpg

1128232245_16413088163401n.jpg

1128232245_16413088249501n.jpg

1128232245_16413088312041n.jpg

1128232245_16413088484021n.jpg

1128232245_16413088556681n.jpg

1128232245_16413088373411n.jpg

1128232245_16413088430361n.jpg

1128232245_16413088625511n.jpg

1128232245_16413088677561n.jpg

1128232245_16413088744691n.jpg

1128232245_16413088800651n.jpg

1128232245_16413088861311n.jpg

1128232245_16413088913621n.jpg

1128232245_16413088962951n.jpg

1128232245_16413089012821n.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།