ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཐ་ཅག་སི་ཐན་གྱི་ཙུང་ཐུང་ལ་ཧི་མེང་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2022ལོའི་ཟླ1པོའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐ་ཅག་སི་ཐན་གྱི་ཙུང་ཐུང་ལ་ཧི་མེང་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་ཀྱིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཕྱི་འབྲེལ་བཙུགས་པའི་ལོ་ངོ30ཡི་རིང་། ཀྲུང་ཐའི་འབྲེལ་བར་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས། ལོ་རྒྱུས་ཀྱི་ཆེས་ལེགས་པའི་ཆུ་ཚད་ལ་སླེབས་ཡོད། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱིས་སྣེ་ཁྲིད་དེ་འཕེལ་རྒྱས་གཅིག་མཐུན་ཚོགས་པ་དང་བདེ་འཇགས་གཅིག་མཐུན་ཚོགས་པ་བསྐྲུན་ནས། མིའི་རིགས་གཅིག་མཐུན་ཚོགས་པ་བསྐྲུན་པའི་མིག་དཔེ་བསྟན་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཡིད་རྟོན་ཉིན་རེ་བཞིན་ཇེ་ཆེར་ཕྱིན་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་རག་ལས་པའི་གནད་དོན་ཐད་ཕན་ཚུན་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་ཆེར་སྤེལ་ནས། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་ངང་མཉམ་སྐྲུན་བྱེད་པར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏད་དུས། རྒྱལ་ཁབ་གཉིས་ཀྱིས་མི་དམངས་མཐུན་སྒྲིལ་རོགས་རེས་དང་སོ་སྲུང་རོགས་སྐྱོར་བྱས་ནས། སྐྱིད་སྡུག་མཉམ་མྱོང་གི་སྤུན་ཟླའི་བརྩེ་བ་མངོན་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་ཐའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ལ་ཧི་མེང་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པ་གོ་སྐབས་སུ་བྱས་ནས། ཀྲུང་ཐའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་སྟེ། སྔར་ལས་དམ་ཟབ་ཡིན་པའི་ཀྲུང་ཐའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། 

ལ་ཧི་མེང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་སྟེང་གི་དུས་མཚམས་གལ་ཆེན་འདིར། ངས་ཁྱེད་དང་མཛའ་བརྩེ་ཟབ་པའི་ཀྲུང་གོའི་མི་དམངས་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་དང་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུ། མིག་སྔར། ཐ་ཀྲུང་མཛའ་མཐུན་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་རྒྱུན་མཐུད་འཕེལ་རྒྱས་བྱུང་ནས། ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་ཤོས་སུ་སླེབས་ཤིང་གསར་གཏོད་ཀྱི་ཉམས་མྱོང་བསགས་ཡོད། ཐ་ཀྲུང་འབྲེལ་བའི་གཉིས་ཕན་གཉིས་སྐྱོར་བྱེད་པ་དེ་ཁྱིམ་མཚེས་མཛའ་མཐུན་དང་ཕན་ཚུན་བརྩི་བཀུར། ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་སྟེང་བསྐྲུན་ཡོད་ཅིང་། སྤུས་ཚད་མཐོ་བའི་གསར་དར་རྒྱལ་ཁབ་འབྲེལ་བ་ཡིན། ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་བློ་ཡིད་ཚིམ་ཡོད་ལ། ཐ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བས་རྒྱུན་རིང་གི་མ་འོངས་བར་སྙེགས་པར་ཡིད་ཆེས་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།