རྒྱལ་ཁབ་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་སོགས་སྡེ་ཁག་བཅུ་གསུམ་གྱིས《དྲ་རྒྱའི་བདེ་འཇགས་ཞིབ་བཤེར་བྱ་ཐབས》བཟོ་བཅོས་ཁྱབ་བསྒྲགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཁབ་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། རྒྱལ་ཁབ་བདེ་འཇགས་པུའུ། ནོར་སྲིད་པུའུ། ཚོང་དོན་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། ཀྲུང་གོ་དངུལ་འཛིན་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་གསང་སྲུང་ཅུའུ། རྒྱལ་ཁབ་གསང་གྲངས་དོ་དམ་ཅུའུ་སོགས་སྡེ་ཁག་བཅུ་གསུམ་གྱིས་མཉམ་འབྲེལ་སྒོས་བཟོ་བཅོས་ཁྱབ་བསྒྲགས་བྱས་པའི《དྲ་རྒྱའི་བདེ་འཇགས་ཞིབ་བཤེར་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུས་ཡོད)དེ2022ལོའི་ཟླ2པའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

རྒྱལ་ཁབ་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་ནི་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ལམ་ལུགས་གལ་ཆེན་ཡིན། སྔོན་ཆད་ཀྱི《བྱ་ཐབས》དེ2020ལོའི་ཟླ6པའི་ཚེས1ཉིན་ལག་བསྟར་བྱས་པ་ནས་བཟུང་། གནད་འགག་ཆ་འཕྲིན་གྱི་རྨང་གཞི་སྒྲིག་ཆས་འདོན་སྤྲོད་ཕྲེང་འབྲེལ་བདེ་འཇགས་འགན་སྲུང་བྱེད་པའི་སྐོར་དང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པར་ཕན་ནུས་གལ་ཆེན་བཏོན། 《གཞི་གྲངས་བདེ་འཇགས་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བླང་བྱ་དངོས་འབེབས་བྱ་ཆེད། རྒྱལ་ཁབ་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གིས་འབྲེལ་ཡོད་སྡེ་ཁག་མཉམ་འབྲེལ་བྱས་ནས《བྱ་ཐབས》བཟོ་བཅོས་བྱས་པ་ཡིན་ཟེར།

《བྱ་ཐབས》ཀྱིས་དྲ་རྒྱའི་སྟེགས་བུ་འཁོར་སྐྱོད་ཚོང་གཉེར་པར་གཞི་གྲངས་ཐག་གཅོད་བྱ་འགུལ་གྱི་ཤུགས་རྐྱེན་ཡང་ན་རྒྱལ་ཁབ་བདེ་འཇགས་སོགས་ཀྱི་གནས་ཚུལ་དེ་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་ཁྱབ་ཁོངས་སུ་བཅུག་སྟེ། བེད་སྤྱོད་བྱེད་མཁན་ཁྲི100ལས་བརྒལ་བའི་མི་སྒེར་གྱི་ཆ་འཕྲིན་ཚོད་འཛིན་བྱས་པའི་དྲ་རྒྱའི་སྟེགས་བུ་འཁོར་སྐྱོད་ཚོང་གཉེར་པ་ཕྱི་རྒྱལ་དུ་སོང་ནས་ཚོང་རར་འདོན་པར་ངེས་པར་དུ་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་གཞུང་ལས་ཁང་ལ་ཡར་ཞུ་བྱས་ཏེ་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་བྱེད་དགོས། ཞིབ་བཤེར་དགོས་མཁོ་དངོས་དང་བསྟུན་ནས། དཔང་རྟགས་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ཇེ་མང་དུ་བཏང་ནས་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་བྱ་བའི་ལམ་ལུགས་ཀྱི་ཁོངས་ཞུགས་ལས་ཁུངས་སུ་བྱས་པ་དང་ཆབས་ཅིག རྒྱལ་ཁབ་བདེ་འཇགས་ཉེན་ཁའི་དཔད་དཔོག་རྒྱུ་རྐྱེན་སོགས་ཀྱི་ནང་དོན་འཐུས་ཚང་དུ་བཏང་།

རྒྱལ་ཁབ་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས《བྱ་ཐབས》བཟོ་བཅོས་བྱས་པ་ལས་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དང་གཞི་གྲངས་བདེ་འཇགས་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།  །  

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།