ཀྲུའུ་ཞི་ཞི་ཅིན་ཕིང་གི2022ལོའི་སྤྱི་རྩིས་ལོ་སར་ཤིས་ཚིག་ལ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཚུར་སྣང་ཆེན་པོ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་སྤྱི་རྩིས་ལོ་སར་གྱི་ཤིས་ཚིག་ནང་བསྟན་དོན། ང་ཚོས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་སུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པ་བཏོད་དེ། གོམ་སྟབས་ཆེན་པོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་སྐྱོད་བཞིན་ཡོད་ཅིང་། འབད་འཐབ་བྱས་ནས་ལོ་རྒྱུས་བསྐྲུན་རྒྱུ་དང་དངོས་གཉེར་བྱས་ནས་མ་འོངས་པ་བསྐྲུན་དགོས་ཞེས་གསུངས་ཡོད། ཚང་མས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། དམངས་སེམས་གཅིག་བསྡུས་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་དུ། སྔར་ལས་རྒྱལ་ཁ་རླབས་ཆེན་དང་གཟི་བརྗིད་ཆེན་པོ་ཐོབ་པར་བྱེད་དགོས།

འབད་འཐབ་བྱས་ནས་ལོ་རྒྱུས་བསྐྲུན་རྒྱུ་དང་དངོས་གཉེར་བྱས་ནས་མ་འོངས་པ་བསྐྲུན་དགོས། ཚང་མས་འདོད་དོན། འབད་འབུངས་ཡར་བརྩོན་དང་བྱ་སྤྱོད་ནན་མོ་སྤེལ་ནས། མཉམ་དུ་མ་འོངས་པར་ཁ་ཕྱོགས་དགོས་པའི་ཡིད་ཆེས་བརྟན་པོ་དང་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། འབད་འཐབ་ཀྱི་ཁྲོད་ཕུགས་འདུན་མངོན་འགྱུར་དང་འབད་འབུངས་ཡར་བརྩོན་གྱི་ཁྲོད་ནས་རྒྱང་རིང་སྙེག་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།