ཞི་ཨན་གྱི་རེབ་འདིའི་རིམས་ནད་ལས་བསྡོམས་པས་རང་སའི་ནད་རྟགས་ཐག་བཅད་པའི་ནད་པ་མི1663བྱུང་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས3ཉིན་གྱི་ཕྱི་དྲོར་བསྡུས་པའི་ཞི་ཨན་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་སྟེང་རྒྱུས་ལོན་པ་ལྟར་ན། 2021ལོའི་ཟླ12པའི་ཚེས9ཉིན་གྱི་ཆུ་ཚོད0ནས2022ལོའི་ཟླ1པོའི་ཚེས2ཉིན་གྱི་ཆུ་ཚོད24བར་དུ། ཞི་ཨན་གྲོང་ཁྱེར་དུ་བསྡོམས་པས་རང་སའི་ནད་རྟགས་ཐག་བཅད་པའི་ནད་པ1663བྱུང་ཡོད།

2022ལོའི་ཟླ1པོའི་ཚེས2ཉིན་གྱི་ཆུ་ཚོད0ནས24བར་དུ། ཞི་ཨན་གྲོང་ཁྱེར་དུ་རང་སའི་ནད་རྟགས་ཐག་བཅད་པའི་ནད་པ90གསར་སྣོན་བྱུང་བ་དང་ཚང་མ་ནད་པ་ཡང་མོའི་རིགས་རེད། དེའི་ནང་ལོགས་བཀར་ཚོད་འཛིན་ཁྲོད་ནད་པ80བྱུང་བ་དང་། བཀག་སྡོམ་ཚོད་འཛིན་ཁུལ་དུ་ནད་པ10བྱུང་ཡོད།

མིག་སྔར། ནད་པ1663ཁྲོད་ནད་པ17དྲག་སྐྱེད་བྱུང་ལ། ཞི་ཨན་ཆིན་ཧོང་སྨན་ཁང་དུ་སྤར་ནས་བདེ་ཐང་བརྟག་བཤེར་ཚད་ལེན་དང་ལོགས་བཀར་ལྟ་རྟོག་བྱེད་བཞིན་ཡོད། མིག་སྔའི་ནད་པ1646དག་ཞི་ཨན་གྲོང་ཁྱེར་བྲང་ཁོག་ཚན་ཁག་སྨན་ཁང་དང་ཞི་ཨན་གྲོང་ཁྱེར་སྨན་ཁང་བཞི་བའི་མཁའ་སྐྱོད་སྨན་ཁང་ཁུལ། ཞི་ཨན་གྲོང་ཁྱེར་ཁྲང་ཨན་ཁུལ་སྨན་ཁང་བཅས་སུ་ལོགས་བཀར་ནད་བཅོས་བྱེད་བཞིན་ཡོད་ལ། ནད་པ་ཚང་མ་ནི་ནད་གཞི་ཡང་མོའི་རིགས་དང་སྤྱིར་བཏང་རིགས་གཙོ་ཡིན་ཞིང་། དེའི་ནང་ཉེན་ཆེའི་རིགས་ཀྱི་ནད་པ5དང་ནད་གཞི་ལྕི་མོའི་རིགས་ཀྱི་ནད་པ16ཡོད།

རྒྱུས་ལོན་པ་ལྟར་ན། 2022ལོའི་ཟླ1པོའི་ཚེས3ཉིན་གྱི་ཚུན། ཞི་ཨན་གྲོང་ཁྱེར་དུ་ཉེན་ཆེའི་ས་ཁུལ2དང་ཉེན་འབྲིང་ས་ཁུལ7གསར་སྣོན་བྱུང་ཡོད། མིག་སྔའི་བར་དུ། ཞི་ཨན་གྲོང་ཁྱེར་དུ་བསྡོམས་པས་ཉེན་ཆེའི་ས་ཁུལ3དང་ཉེན་འབྲིང་ས་ཁུལ64ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།