ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཉིས་སྟོང་ཉེར་གཉིས་ལོའི་སྤྱི་རྩིས་ལོ་སར་གྱི་ཤིས་ཚིག་ལ་དམག་ཡོངས་དང་དམག་དཔུང་གི་ཁྲོད་ནས་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཉིས་སྟོང་ཉེར་གཉིས་ལོའི་སྤྱི་རྩིས་ལོ་སར་གྱི་ཤིས་ཚིག་ལ་དམག་ཡོངས་དང་དམག་དཔུང་གི་ཁྲོད་ནས་ཚུར་སྣང་ཆེན་པོ་བྱུང་། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་འདོད་དོན། བློ་བརྟན་འགྱུར་མེད་ངང་ཏང་གི་བཀོད་འདོམས་ལ་ཉན་པ་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བ་དང་ཁྱིམ་གཞིས་སྲུང་བའི་ཆོད་སེམས་བརྟན་པོ་བཅངས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གང་མང་འབུལ་དགོས།

ཉིས་སྟོང་ཉེར་གཉིས་ལོར། མི་དམངས་དམག་དཔུང་བཙུགས་ནས་ལོ་གོ་ལྔ་འཁོར་བར་བསུ་མ་བྱས་ཏེ། མུ་མཐུད་དུ་དམག་དཔུང་བཙུགས་ཏེ་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བའི་ཕྱོགས་སུ་འབད་འབུངས་མདུན་སྐྱོད་བྱེད་དགོས། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་འདོད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་ལྟར་དུ། དཀའ་སྤྱད་འབད་འབུངས་དང་དངོས་གཉེར་བརྩོན་ལེན་བྱས་ཏེ། འཛམ་གླིང་གི་རྩེར་སོན་དམག་དཔུང་ཁྱོན་ཡོངས་ནས་བསྐྲུན་ཐུབ་པར་ནུས་ཤུགས་གང་ཡོད་འདོན་དགོས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།