ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་གོ་གཅིག་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་། ནད་པ་དྲུག་ཅུ་ཕྱི་ནས་མཆེད་པ་ཡིན་ལ། དེའི་ཁྲོད་ཀྱི་ནད་པ་དྲུག་ནད་རྟགས་མི་མངོན་པའི་ནད་པ་ནས་ནད་རྟགས་ངོས་བཟུང་བའི་ནད་པར་གྱུར། རང་ས་གནས་ཀྱི་ནད་པ་བརྒྱ་དང་སོ་གཅིག་ཡོད། དེའི་ཁྲོད་ཀྱི་ནད་པ་གཅིག་ནད་རྟགས་མི་མངོན་པའི་ནད་པ་ནས་ནད་རྟགས་ངོས་བཟུང་བའི་ནད་པར་གྱུར། ཟླ་དང་པོའི་ཚེས་གཅིག་ཉིན་གྱི་དུས་ཚོད་ཉེར་བཞིའི་བར་དུ། ད་ཡོད་ངོས་བཟུང་བའི་ནད་པ་བསྡོམས་པས་སྟོང་གསུམ་དང་བཅུ་གསུམ་ཡོད། ཟླ་དང་པོའི་ཚེས་གཅིག་ཉིན་བར་དུ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་འགོག་སྨན་མི་ཐེངས་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་བྱེ་བ་བཞི་ས་ཡ་གཅིག་འབུམ་གཉིས་དང་ཁྲི་དྲུག་སྟོང་དགུ་བརྒྱབ་པ་རེད།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་པ་བསྒྲགས།