ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཉིས་སྟོང་ཉེར་གཉིས་ལོའི་ལོ་སར་ཤིས་ཚིག་ལ་རྒྱལ་ཡོངས་ས་གནས་ཁག་ཏུ་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་རྩིས་ལོ་སར་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གཉིས་ལོའི་ལོ་སར་གྱི་ཤིས་ཚིག་ཕུལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལ་བརྩེ་སེམས་ཀྱིས་ཀུན་ནས་བརྒྱན་ཡོད་ཅིང་། དེས་ཀྲུང་གོའི་བུ་ཕྲུག་དུང་ཕྱུར་མང་པོར་སྐུལ་ལྕག་ཆེན་པོ་ཐེབས། ཚང་མས་འདོད་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། མཛེས་པའི་མ་འོངས་པ་བསྐྲུན་པའི་ཕྱོགས་སུ་མཉམ་དུ་འབད་འཐབ་ལྷོད་མེད་བྱེད་དགོས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྩེ་བས་ཕྱུག་པའི་ཤིས་ཚིག་གིས་ཧྥུའུ་ཅན་ཧྲ་རྫོང་ཡུས་པང་སྡེ་བ་དང་ཀོང་ཞི་ཆོན་ཀྲོའུ་མའོ་ཀྲུའུ་ཧྲན་སྡེ་བའི་མི་སེམས་ལ་དྲོདསྐྱིད་སྦྱིན།

ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་འཇིག་རྟེན་འཕུར་སྐྱོད་པ་ཚོས་ཀྱང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་སར་ཤིས་ཚིག་ལ་དུས་ཐོག་ཏུ་བལྟས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སར་ཤིས་ཚིག་ནང་དུ། ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་མཉམ་དུ་ལག་གདང་སྦྲེལ་ནས། ཀྲུང་ཧྭ་མི་རིགས་ཀྱི་མཛེས་པའི་མ་འོངས་པ་མཉམ་དུ་བསྐྲུན་རྒྱུར་རེ་སྒུག་ཟོལ་མེད་བྱེད་ཀྱིན་ཡོད་པའི་འདོད་བློ་བསྟན།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།