ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་ཏུ་ཏང་གི་གྲོན་དངུལ་དོ་དམ་བྱེད་པའི་ཁྲོད་ནས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་བཏང་སྟེ་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ་འཚོ་བར་དཀའ་ཁག་ཆེ་བའི་ཏང་ཡོན་དང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ་བཅས་ལ་འཚམས་འདྲི་བྱེད་པའི་

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བརྩེ་སེམས་མཚོན་པར་བྱེད་ཆེད། མིག་སྔར་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་ཏུ་ཏང་གི་གྲོན་དངུལ་དོ་དམ་བྱེད་པའི་ཁྲོད་ནས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་བཏང་སྟེ་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ་འཚོ་བར་དཀའ་ཁག་ཆེ་བའི་ཏང་ཡོན་དང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ་བཅས་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་བའི་ཐད་བཀོལ་རྒྱུ་རེད། 

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བསྟན་དོན། འཚམས་འདྲི་བྱ་ཡུལ་གཙོ་བོ་ནི་འཚོ་བར་དཀའ་ཁག་ཆེ་བའི་ཏང་ཡོན་དང་། ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ་བཅས་ཡིན། འཇར་འགོག་དམག་འཁྲུག་སྔོན་དང་འཇར་འགོག་དམག་འཁྲུག་སྐབས་སུ་ཏང་ལ་ཞུགས་པའི་ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ། སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན། བདུན་གཅིག་བྱས་རྗེས་གཟེངས་རྟགས་བཅས་ཐོབ་མཁན། གཞུང་དོན་དུ་ཚེ་ལས་འདས་པའི་གཞི་རིམ་ལས་བྱེད་པའི་ཁྱིམ་མི་བཅས་ལ་ཡོངས་ཁྱབ་ཏུ་འཚམས་འདྲི་བྱེད་རྒྱུ་རེད། གཙོ་བོ་གཞི་རིམ་ལས་བྱེད་པ་དང་ཁྱད་པར་དུ་དཀའ་སྡུག་ཆེ་བའི་གནས་དང་ཉེན་ཁ་ཆེ་བའི་ལས་འགན་ལག་བསྟར་བྱེད་སའི་ཡུལ་དངོས་སུ་བྱ་བ་བྱེད་པའི་བློ་མཐུན་ལ་འཚམས་འདྲི་བྱེད་རྒྱུ་རེད། འཚམས་འདྲི་བྱ་ཡུལ་དེ་འོས་འཚམ་གྱིས་རྒྱ་བསྐྱེད་དེ། སྡེ་བ་དང་སྡོད་ཁུལ་གྱི་རྐང་འཛིན་པ་དང་། ནད་ཀྱི་དབང་གིས་དབུལ་ཕོངས་སུ་གྱུར་བའི་དཀའ་ཁག་ཆེ་བའི་མང་ཚོགས། འཚོ་བར་དངོས་ནས་དཀའ་ཁག་ཡོད་པའི་གཞི་རིམ་ཏང་གི་བྱ་བ་བྱེད་མཁན་སོགས་ལ་འཚམས་འདྲི་བྱས་ཆོག 

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འཚམས་འདྲིའི་བྱ་འགུལ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། སེམས་ཞིབ་མོས་རྩ་འཛུགས་བཀོད་སྒྲིག་བྱས་ནས་ཕན་འབྲས་དངོས་ཐོབ་པར་འགན་སྲུང་བྱེད་དགོས་པ་དང་། རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་མ་དངུལ་དངོས་འབེབས་བྱས་ནས། ལུགས་རྙིང་ལོ་སར་ཡི་སྔོན་ལ་འཚམས་འདྲི་བྱ་ཡུལ་གྱི་ལག་ཏུ་འབྱོར་བ་དང་ཆེད་དངུལ་ཆེད་སྤྱོད་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།