ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་དང་པོའི་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་ཕྱོགས་བསྡུས་བཅོས་བསྒྱུར་དཔེ་སྟོན་ཁུལ7འཛུགས་སྐྲུན་བྱེད་པར་ཆོག་མཆན་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས31ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཧྲང་ཧེ་དང་ཀྲེ་ཅང་། ཅང་ཞི། ཧྲན་ཏུང་། ཧུའུ་ནན། ཀོང་ཏུང། སི་ཁྲོན་སོགས་ཞིང་ཆེན7ལ་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་ཕྱོགས་བསྡུས་བཅོས་བསྒྱུར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ཆོག་མཆན་ཐོབ་པ་རེད། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཕྱོགས་བསྡུས་བཅོས་བསྒྱུར་དཔེ་སྟོན་ཁུལ་གྱིས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)འཛུགས་སྐྲུན་གཙོ་གཞི་རུ་བྱས་ཏེ། ཀྲུང་ལུགས་གསོ་རིག་ཞབས་ཞུ་མ་ལག་དང་ཐོན་ལས་འཕེལ་རྒྱས། སྤུས་ཚད་ལྟ་ཞིབ་སོགས་ཀྱི་ཕྱོགས་ནས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པར་སྐུལ་འདེབས་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།