ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་གཏམ་བརྒྱུད་བརྗོད་པ》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་གཏམ་བརྒྱུད་བརྗོད་པ》ཞེས་པའི་དཔེ་དེབ་དེ་ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས། དཔེ་ཆ་དེ་རུ་སྤྱི་ཁྱབ་ཧུའུ་ཅི་ཞི་ཅིན་ཕིང་གིས་གླེང་མྱོང་བའི་ཏང་གི་ལོ་རྒྱུས་གཏམ་རྒྱུད80ལྷག་ཧྲག་སྒྲུག་བྱས་ཏེ།  དོན་སྙིང་ཟབ་ལ་གོ་བདེ་བའི་སྒོ་ནས་འཆད་འགྲེལ་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དྲིལ་སྒྲོག་ལ་མཐོང་ཆེན་གནང་བཞིན་ཡོད་ཅིང་། ཏང་གི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད། གནས་གཞིའི་ས་ཁུལ་གྱི་གཏམ་རྒྱུད། དཔའ་བོ་དང་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་བཅས་ཀྱི་གཏམ་རྒྱུད་ལེགས་པོར་བརྗོད་དེ། གསར་བརྗེ་སྲོལ་རྒྱུན་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གཞོན་ནུའི་བསམ་བློ་ཀུན་སྤྱོད་སློབ་གསོ་བཅས་ལ་ཤུགས་བསྣན་ཏེ། དམར་པོའི་རྒྱུད་རྒྱུ་རྒྱུན་འཛིན་གང་ལེགས་བྱས་ནས། དམར་པོའི་རྒྱལ་སྲིད་ནམ་ཡང་མདོག་མི་འགྱུར་བར་ཁག་ཐེག་བྱེད་དགོས།《ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་གཏམ་བརྒྱུད་བརྗོད་པ》ཞེས་པའི་དཔེ་དེབ་ཁྲོད་བསྡུ་ལེན་བྱས་པའི་གཏམ་རྒྱུད་ཀྱི་ནང་དོན་སེམས་འགུལ་ཐེབས་ཐུབ་ལ། བསམ་བློ་ཕུན་སུམ་ཚོགས་པ། སྐད་ཆ་གོ་བདེ་ཞིང་ཤེས་སླ་བ་བཅས་ཀྱི་ཁྱད་ཆོས་ལྡན་ལ། ཏང་གིས་ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་འབད་འཐབ་ཀྱི་རྗེས་ཤུལ་ལ་དམིགས་ཏེ། ཀྲུང་གོ་གུང་ཁྲན་ཏང་མིའི་ཐུན་མོང་མ་ཡིན་པའི་རིན་ཐང་འཚོལ་སྙེག་མངོན་པར་མཚོན་ཡོད་ལ། ཀློག་པ་པོར་གཞུང་ལུགས་དང་ལག་ལེན་གཉིས་ཀྱི་སྟེང་ནས་ཀྲུང་གོ་གུང་ཁྲན་ཏང་གིས་བྱེད་ཐུབ་དོན་ཅི་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་ལག་ལེན་བྱེད་ཆོག་དོན་ཅི་ཡིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལེགས་དོན་ཅི་ཡིན་པ་བཅས་ལ་གོ་བ་གཏིང་ཟབ་ལོན་པར་རོགས་རམ་བྱེད་སྲིད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།