ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཨན་གྲོང་ཁྱེར་དུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ962ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས29ཉིན་གྱི་ཕྱི་དྲོར། གསར་འགོད་པས་ཞི་ཨན་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཟླ12པའི་ཚེས9ཉིན་གྱི་ཆུ་ཚོད0ནས་ཚེས28ཉིན་གྱི་ཆུ་ཚོད24བར། ཞི་ཨན་གྲོང་ཁྱེར་དུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ962བྱུང་ཞིང་། ཞི་ཨན་གྲོང་ཁྱེར་གྱི་ཁྱབ་བསྒྲགས་བྱས་པའི་ཉེན་ཁ་ཆེ་བ་དང་འབྲིང་བའི་ས་ཁུལ་རྣམས་ལེགས་སྒྲིག་བྱས་མཐར། མིག་སྔར་ཉེན་ཁ་ཆེ་བའི་ས་ཁུལ1དང་ཉེན་ཁ་འབྲིང་བའི་ས་ཁུལ58ཡོད་པ་རེད། 

མིག་སྔར། ནད་རྟགས་གཏན་ཁེལ་བྱས་པའི་ནད་པ962ཀྱི་ཁྲོད། མི4སྨན་ཁང་ལས་ཕྱིར་བུད་དེ་ལུས་ཕུང་སླར་གསོའི་སྨན་བཅོས་བྱེད་བཞིན་ཡོད་ལ། དེ་མིན་གཞན་པ་ཚང་མ་ཞི་ཨན་གྲོང་ཁྱེར་བྲང་ཁོག་ཆེད་ལས་སྨན་ཁང་དང་ཞི་ཨན་གྲོང་ཁྱེར་མི་དམངས་སྨན་ཁང་གི་མཁའ་སྐྱོད་སྨན་ཁང་གཉིས་ནས་ལོག་བཀར་སྨན་བཅོས་བྱེད་བཞིན་ཡོད། དེའི་ཁྲོད་ནད་པ་ལྗིད་མོ6དང་། སྤྱིར་བཏང་གི་ནད་པ533། ནད་པ་ཡངས་མོ419བཅས་ཡོད་པ་རེད།

ཟླ12པའི་ཚེས28ཉིན་གྱི་དུས་ཚོད0ནས24བར། ཞི་ཨན་གྲོང་ཁྱེར་དུ་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ151ཇེ་མང་དུ་སོང་ཞིང་། དེའི་ཁྲོད་ལོག་བཀར་བཀག་སྡོམ་ཁྲོད་ནད་པ99དང་། ཉིང་སྐྱུར་བརྟག་དཔྱད་ཁྲོད་ནད་པ51།རང་འགུལ་གྱིས་སྨན་པར་བསྟེན་ནས་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ1བཅས་གསར་རྙེད་བྱུང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།