ཀྲུང་གོ་བོད་ཀྱི་དྲ་བ།

《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིག་ནུས་བཟོ་སྐྲུན་འཕེལ་རྒྱས་འཆར་འགོད》ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2025ལོར་བསླེབ་དུས། གཞི་ཁྱོན་ཡན་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་མང་ཆེ་བས་གྲངས་འཛིན་ཅན་དང་དྲ་རྒྱ་ཅན་མངོན་འགྱུར་བྱས་ཏེ། གཙོ་གནད་ལས་རིགས་དང་རྐང་འཛིན་ཁེ་ལས་ཀྱིས་ཐོག་མར་རིག་ནུས་ཅན་བཀོད་སྤྱོད་བྱ་རྒྱུ་རེད། 2035ལོར་གཞི་ཁྱོན་ཡན་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཀྱིས་གྲངས་འཛིན་ཅན་དང་དྲ་རྒྱ་ཅན་ཡོངས་སུ་ཁྱབ་གདལ་དུ་བཏང་སྟེ། གཙོ་གནད་ལས་རིགས་དང་རྐང་འཛིན་ཁེ་ལས་ཀྱིས་རིག་ནུས་ཅན་ཕལ་ཆེར་མངོན་འགྱུར་བྱ་རྒྱུ་རེད།  བཟོ་ལས་དང་ཆ་འཕྲིན་པུའུ་དང་རྒྱལ་ཁབ་དང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག8ཀྱིས་ཉེ་ལམ《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིག་ནུས་བཟོ་སྐྲུན་འཕེལ་རྒྱས་འཆར་འགོད》དཔར་འགྲེམ་བྱས་ཏེ། རང་རྒྱལ་གྱི་རིག་ནུས་བཟོ་སྐྲུན“གོམ་པ་གཉིས་ཀྱིས་འགྲོ་བའི”འཐབ་ཇུས་བཏོན།

འཆར་འགོད་ཁྲོད་བྲེ་བྲག་གི་དམིགས་འབེན་རབ་དང་རིམ་པ་བཏོན་ཡོད། དེའི་ཁྲོད2025ལོར་བསླེབ་དུས་ཀྱི་བྱེ་བྲག་གི་དམིགས་འབེན་ནི་གཅིག་ནས་ཚུལ་བསྒྱུར་རིམ་སྤོར་གྱི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། 70%ཡི་གཞི་ཁྱོན་ཡན་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཀྱིས་གྲངས་འཛིན་ཅན་དང་དྲ་རྒྱ་ཅན་ཕལ་ཆེར་མངོན་འགྱུར་བྱས་ཏེ། 500ཡན་གྱི་ལས་རིགས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་རིག་ནུས་བཟོ་སྐྲུན་དཔེ་སྟོན་བཟོ་གྲྭ་བསྐྲུན་དགོས། གཉིས་ནས་འདོན་སྤྲོད་ནུས་པ་མངོན་གསལ་གྱིས་སྟོབས་ཆེན་དུ་གྱུར་ནས། རིག་ནུས་བཟོ་སྐྲུན་སྒྲིག་ཆས་དང་བཟོ་ལས་མཉེན་ཆས་ཚོང་རའི་ཚིམ་ཚད་སོ་སོར70%དང50%ལས་བརྒལ་ནས། 150ཡན་གྱི་ཆེད་ལས་ཆུ་ཚད་མཐོ་བ་དང་ཞབས་ཞུ་ནུས་པ་ལེགས་པའི་རིག་ནུས་བཟོ་སྐྲུན་མ་ལག་ཐག་གཅོད་ཇུས་གཞི་མཁོ་འདོན་ཚོང་ཁང་སྐྱེད་སྲིང་བྱེད་དགོས།གསུམ་ནས་རྨང་གཞིའི་སྐྱོར་རྟེན་སྔར་ལས་སྲ་བརྟན་དུ་གྱུར་ནས། ཁག20ཡན་གྱི་རྒྱལ་ཁབ་དང་ལས་རིགས་ཚད་གཞིའི་བཟོ་བཅོས་ལེགས་འགྲུབ་བྱས་ཏེ། ལས་རིགས་དང་ས་ཁོངས་ཀྱི་ཤུགས་རྐྱེན་ཆེ་བའི་བཟོ་ལས་འཕྲིན་སྦྲེལ་དྲ་བའི་སྟེགས་བུ120ཡན་བསྐྲུན་དགོས་པ་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།