ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་གཉིས་ཀྱིས2022ལོའི་རྒུད་ཚབ་ལས་སྤྲོད་ཀྱི་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར40.5སྔོན་ལ་རྩིས་སྤྲོད་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས28ཉིན་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྐྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན།རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ནོར་སྲིད་པུའུ་དང་མཉམ་འབྲེལ་བྱས་ཏེ་ཉེ་ལམ2022ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་ལ་འབྲེལ་མཐུད་དང་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་གྱི་རྒུད་ཚབ་ལས་སྤྲོད་ལས་འགན་འཆར་གཞིའི་སྒོར་དུང་ཕྱུར40.5སྔོན་ལ་རྩིས་སྤྲོད་བྱས་ཏེ། ས་གནས་ཀྱི་རིགས་སོ་སོའི་མ་དངུལ་སྒོར་དུང་ཕྱུར5ལྷག་གྲབས་གསོག་བྱས་ལ། ས་གནས་ཀྱིས་རྒུད་ཚབ་ལས་སྤྲོད་རྣམ་གྲངས1200ལྷག་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། ཞིང་སྡེའི་དབུལ་ཐར་མང་ཚོགས་དང་ཡོང་སྒོ་དམའ་བའི་མང་ཚོགས་ཁྲི10ལ་ཉེ་བ་ཙམ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་བརླིང་དང་ཡོང་སྒོ་འཕར་སྣོན་ལ་སྣེ་ཁྲིད་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འཆར་གཞི་ནི“ཆུས་གསུམ་ཁུལ་གསུམ”སོགས་ཤིན་ཏུ་དབུལ་བོ་ཡིན་པའི་ས་ཁུལ་དང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་། ཡུལ་གཞན་དབུལ་སྐྱོར་གནས་སྤོར་རྗེས་ཀྱི་རོགས་སྐྱོར་ལས་འགན་ཅུང་ལྕི་བའི་རྫོང་བཅས་གཙོ་གནད་དུ་བཟུང་སྟེ། ཞིང་སྡེའི་དབུལ་ཐར་མང་ཚོགས་དང་དབུལ་ལོག་ལྟ་སྐུལ་བྱ་ཡུལ། ཡོང་སྒོ་དམའ་བའི་མང་ཚོགས་གཞན་དག་སོགས་གཙོ་གནད་ཚོགས་སྤྱི་ལ་དམིགས་པ་དང་ཆབས་ཅིག རྒུད་ཚབ་ལས་སྤྲོད་དང་གནོད་ཤུལ་བསྐྱར་བསྐྲུན་དམ་པོར་ཟུང་འབྲེལ་བྱས་ནས། ཧོ་ནན་དང་ཧྲན་ཞི་སོགས་ད་ལོའི་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཐེབས་པའི་ཤུགས་རྐྱེན་ཅུང་ཆེ་བའི་ཞིང་ཆེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཞིང་སྡེའི་དབུལ་ཐར་མང་ཚོགས་དང་ཡོང་སྒོ་དམའ་བའི་མང་ཚོགས་སོགས་གཙོ་གནད་ཚོགས་སྤྱིའི་རྒུད་ཚབ་ལས་སྤྲོད་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ། སྒོ་འགྲམ་ནས་ལས་ཞུགས་བྱེད་པ་དང་ཡོང་སྒོ་འཕར་སྣོན་བྱུང་བ་མངོན་འགྱུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།