ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོ་ཚན་རིག་གླིང་མཁའ་སྐྱོད་ཆ་འཕྲིན་གསར་གཏོད་ཞིབ་འཇུག་གླིང་ནས་ཤེས་གསལ་ལྟར་ན། ཞིབ་འཇུག་གླིང་འདིའི་རྒྱང་ཚོར་སྲུང་སྐར་ས་ངོས་བསྡུ་ལེན་ས་ཚིགས་ཀྱིས་ཚེས27ཉིན་ཐོན་ཁུངས་ཨང་དང་པོའི་སྲུང་སྐར02E(མུས5ཅན་གྱི་འོད་རིག་སྲུང་སྐར02)པའི་གཞི་གྲངས་བསྡུ་ལེན་བྱེད་ཐུབ་པ་བྱུང་། འདི་ནི་ཐོན་ཁུངས་ཨང་དང་པོའི་སྲུང་སྐར02Eཔས་འདོན་སྤྲོད་བྱས་པའི་གཞི་གྲངས་ཐོག་མ་ཡིན་ལ། བསྡུ་ལེན་བྱས་པའི་གཞི་གྲངས་ཚང་མ་རྒྱུན་ལྡན་ལྟར་ཐག་གཅོད་བྱེད་བཞིན་ཡོད།
ཟླ12པའི་ཚེས27ཉིན་གྱི་དུས་ཚོད10དང་སྐར་མ37དང་དུས་ཚོད12དང་སྐར་མ18སྟེང་། ཀྲུང་གོའི་རྒྱང་ཚོར་སྲུང་སྐར་གྱི་ས་ངོས་བསྡུ་ལེན་ས་ཚིགས་མུས་ཡུན་ས་ཚིགས་ཀྱིས་སྔ་རྗེས་སུ་ཐོན་ཁུངས་ཨང་དང་པོའི་སྲུང་སྐར02Eཔའི་གཞི་གྲངས་བསྡུ་ལེན་བྱེད་ཐུབ་པ་བྱུང་། བསྡུ་ལེན་འོས་འགན་གྱི་དུས་ཡུན་སོ་སོར་སྐར་མ9དང་སྐར་ཆ01དང་། སྐར་མ5དང་སྐར་ཆ05ཡིན་ལ་དུས་ཐོག་ཏུ159GBཡི་གཞི་གྲངས་བསྡུ་ལེན་དང་ཟིན་ཐོ་འགོད་པ། བརྒྱུད་གཏོང་བཅས་བྱེད་ཐུབ་པ་བྱུང་།
པར་འདི་ནི་ཟླ12པའི་ཚེས26ཉིན་གྱི་དུས་ཚོད11དང་སྐར་མ11སྟེང་རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་བཞི་བ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་ཐོན་ཁུངས་ཨང་དང་པོའི་སྲུང་སྐར02Eཔ་བདེ་བླག་ངང་སྔོན་ལ་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བསྐྱལ་བས་ཐེངས་འདིའི་འཕེན་གཏོང་ལས་འགན་ལེགས་གྲུབ་བྱུང་བའི་རྣམ་པ་རེད།
ཐོན་ཁུངས་ཨང་དང་པོའི་སྲུང་སྐར02Eཔ་དེ2021ལོའི་ཟླ12པའི་ཚེས26ཉིན་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་ལེགས་འགྲུབ་བྱུང་པས། སྲུང་སྐར་འདི་དང2019ལོའི་ཟླ9པའི་ནང་འཕེན་གཏོང་བྱས་པའི་ཐོན་ཁུངས་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐར02Dགཉིས་ཆ་སྡེབ་བྱས་ནས་འཁོར་སྐྱོད་བྱ་རྒྱུ་ཡིན་ལ། གཙོ་བོར་གནོད་འཚེ་ཉུང་འཕྲི་དང་ཁོར་ཡུག་སྲུང་སྐྱོང་། སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ་བཅས་ཁྱབ་ཁོངས་སོ་སོར་ཞབས་ཕྱི་འདོན་སྤྲོད་བྱ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་རྒྱང་ཚོར་སྲུང་སྐར་བསྡུ་ལེན་ས་ཚིགས་ཀྱིས2021ལོར་གསར་དུ་རང་རྒྱལ་སྐམ་ས་ནས་ལྟ་དཔྱད་ཚད་ལེན་དང་ཚན་རིག་སྲུང་སྐར5ཡི་གཞི་གྲངས་བསྡུ་ལེན་བྱེད་པའི་ལས་འགན་དང་ལེན་བྱས་ཤིང་། གསར་དུ་ཁ་སྣོན་བྱས་པའི་སྲུང་སྐར་གྱི་གཞི་གྲངས་བསྡུ་ལེན་དང་ཡོངས་འགྲུབ་བྱེད་ཚད100%ལ་སླེབས་འདུག །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
ཀྲུང་གོའི་རྒྱང་ཚོར་སྲུང་སྐར་ས་ངོས་བསྡུ་ལེན་ས་ཚིགས་ཀྱིས་ཐོན་ཁུངས་ཨང་དང་པོའི་སྲུང་སྐར02Eཔའི་གཞི་གྲངས་བསྡུ་ལེན་བྱེད་ཐུབ་པ་བྱུང་བ།