ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་ཡུལ་སྐོར་པུའུ་ཡིས2022ལོའི་ལོ་སར་དང་དཔྱིད་གསར་དུས་ཆེན་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གཟབ་ནན་སྒོས་ལག་བསྟར་བྱ་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས27ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་ཏེ། 2022ལོའི་ལོ་སར་དང་དཔྱིད་གསར་དུས་ཆེན་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ཐོན་སྐྱེད་བདེ་འཇགས། གུང་གསེང་གི་ཁྲོམ་རའི་ལས་དོན་བཅས་བཀོད་སྒྲིག་བྱས། རིག་གནས་དང་ཡུལ་སྐོར་པུའུ་ཡི་འགན་ཁུར་བས་ཡུལ་སྐོར་ལས་དོན་ཁང་དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། བྱ་འགུལ་སྤེལ་ཡུལ་སོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱ་རྒྱུ་དང་། ལས་བཟོ་བའི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་དོ་དམ་ལས་དོན་ལེགས་པོར་སྒྲུབ་རྒྱུ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལྟ་སྐུལ་ཞིབ་བཤེར་ལས་དོན་ལེགས་པོར་བསྒྲུབ་པ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཅིངས་ནས། གུང་གསེང་སྐབས་ཀྱི་ཁྲོམ་རའི་བདེ་འཇགས་རྣམ་པར་དབྱེ་ཞིབ་བརྡར་གཅོད་བྱ་རྒྱུ་དང་། ལྷུ་ཚིགས་ཞན་སར་དམིགས་པ་དང་གཙོ་གནད་ཁྱབ་ཁོངས་འབུར་དུ་གཏོད་དེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་གཏིང་བཟ་སྒོས་སྤེལ་བ། ཡུལ་སྐོར་གྱི་བོགས་གཏོང་རླངས་འཁོར་གྱི་བདེ་འཇགས་དང་། མེ་འགོག་མེ་གསོད་བདེ་འཇགས། ཆེད་སྤྱོད་སྒྲིག་ཆས་ཀྱི་བདེ་འཇགས། དུས་ཆེན་སྐབས་ཀྱི་བྱ་འགུལ་ལ་བདེ་འཇགས་དོ་དམ་བྱེད་པའི་ལས་དོན་བཅས་ལ་ཤུགས་སྣོན་རྒྱུ། གནམ་གཤིས་ཀྱི་གནོད་འཚེ་དང་། འགྲིམ་འགྲུལ་འགྲོ་འོང་འགག་པ།  སྒྲིག་ཆས་འཁོར་སྐྱོད་བྱེད་མཚམས་འཇོག་པ། མི་མང་འདུ་ཚོགས་བྱེད་པ། ཐོལ་བྱུང་དོན་རྐྱེན་སོགས་ཀྱི་འཕྲལ་བསྟུན་སྔོན་ཇུས་དང་འཕྲལ་བསྟུན་ཐག་གཅོད་ལས་དོན་ལེགས་པོར་བསྒྲུབ་ནས། མཐའ་གཅིག་ཏུ་འགོག་སྲུང་འཛིང་རགས་བརྟན་པོ་སྲུང་རྒྱུ་དང་ཚད་མཐའ་བརྟན་པོ་སྲུང་ནས་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་འབྱུང་བར་དོགས་ཟོན་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།