ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་ལེན་ལས་དོན་བདེ་བླག་ངང་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས25ཉིན་ནས་ཚེས27ཉིན་བར། 2022ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་སློབ་མ་བསྡུ་བའི་རྒྱུགས་ལེན་ལས་དོན་སྤེལ་བ་རེད། ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཡོངས་སུ་སློབ་མ་མི་ཁྲི457ཞིབ་འཇུག་སློབ་མའི་རྒྱུགས་ལ་ཞུགས་པ་དང་། ལོ་སྔོན་མ་དང་བསྡུར་ན་མི་ཁྲི80ཇེ་མང་དུ་སོང་ཡོད། རྒྱལ་ཡོངས་སུ་བསྡོམས་པས་རྒྱུགས་ལེན་ས་ཚིགས3600ལྷག་ཡོད་པ་དང་། རྒྱུགས་ར་ཁྲི17ལྷག་ཡོད། རྒྱུགས་ལེན་ལྟ་ཞིབ་མི་སྣ་ཁྲི37.8ལྷག་ཡོད་པ་དང་། རིམས་ནད་བཀག་སྡོམ་ཁུལ་གྱི་སློབ་མ་ཁྲི2.5ལྷག་ལ་ཁེགས་ལུས་ས་ཁུལ་དུ་བཀོད་སྒྲིག་འོས་འཚམ་བྱས་ཏེ་རྒྱུགས་བླངས་བ་ཡིན།

ངོ་སྤྲོད་བྱས་པ་ལྟར་ན། སློབ་གསོ་པུའུ་ཡིས་གཅིག་གྱུར་བཀོད་གཏོང་བྱས་ཏེ། ས་གནས་སོ་སོས་དུས་ཐོག་ཏུ་རིམས་ནད་བཀག་སྡོམ་ཁུལ་གྱི་ཁེགས་ལུས་སློབ་མར་བཀོད་སྒྲིག་འོས་འཚམ་བྱས་པ་མ་ཟད། འབྲེལ་ཡོད་སློབ་བསྡུ་ལས་ཁུངས་དང་མཐུན་སྦྱོར་བྱས་པ་བརྒྱུད། རང་འདེམ་རྒྱུགས་ཤོག་གི་སྒྲིག་སྦྱོར་དང་ཚད་ལྡན་ཅན་གྱི་རྒྱུགས་རའི་བཀོད་སྒྲིག་ལས་དོན་སྤེལ་བ་རེད། ས་གནས་སོ་སོས་བློ་རྩེ་གཅིག་སྒྲིམ་གྱིས་རྩ་འཛུགས་བྱས་པ་དང་། གོ་རིམ་ལེགས་བསྒྱུར་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྒྱུགས་ལེན་ལས་དོན་བརྟན་བརླིང་ངང་སྤེལ་བར་སྐུལ་འདེད་བཏང་། ཧྲན་ཞི་རུ་སློབ་མ་སྐོར་ཞིག་དུས་ལྟར་གཏན་ཁེལ་བྱས་པའི་རྒྱུགས་ལེན་ས་ཚིགས་སུ་འབྱོར་དཀའ་བའི་གནས་ཚུལ་ལ་དམིགས་ཏེ། འབྲེལ་ཡོད་སྡེ་ཁག་གིས་སློབ་གྲྭ26དང་ཏང་ཡོན་ལས་བྱེད་པ468རྩ་འཛུགས་བྱས་ཏེ། འགྲིམ་འགྲུལ་སྡེ་ཁག་གིས་རླངས་འཁོར་འདོན་སྤྲོད་བྱས་ཏེ། རིམས་ནད་བཀག་སྡོམ་ཁུལ260དུ་སློབ་མ་རེ་རེར་ཁ་གཏད་དེ་སྐྱེལ་ལེན་བྱས་པ་དང་ཆབས་ཅིག རྒྱུགས་ལེན་ས་ཚིགས་གསར་སྣོན་བྱས་ཏེ་སྟབས་བདེ་སྐྲུན་པའི་ཞབས་ཞུ་མང་པོ་ལ་བརྟེན་ནས། “རྒྱུགས་ལེན་དགོས་པ་ཡོད་ཚད་རྒྱུགས་ལེན་ཐུབ་པ”ཧུར་ཐག་གིས་མངོན་འགྱུར་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།