ཀྲུང་གོ་བོད་ཀྱི་དྲ་བ།

​2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འགྲེམ་སྟོན་བྱ་འགུལ(ཁྲང་ཁྲིན་ས་ཚིགས)སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས26ཉིན། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འགྲེམ་སྟོན་དང་ཅི་ལིན་ཞིང་ཆེན(ཁྲང་ཁྲིན་གྲོང་ཁྱེར)དམངས་ཡོངས་ཀྱི་གངས་འཁྱག་དུས་ཆེན་མགོ་རྩོམ་པའི་མཛད་སྒོ་བསྡུས། ཨོ་རྩལ་འགྲན་ཚོགས་ཐོག་བྱ་དགའ་ཨང་དང་པོ་བླངས་མྱོང་བའི་ལུས་རྩལ་པ་ཀྲིག་ཡང་དང་ཝང་ཧའོ། མགོ་ཁྲིད་སྐུ་མགྲོན་བཅས་ཀྱིས་མཉམ་དུ2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འགྲེམ་སྟོན་བྱས།

པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད། 

བྱ་འགུལ་གྱི་ཡུལ་དངོས་སུ《ང་ཚོ་མཉམ་དུ་མ་འོངས་པར་བསྐྱོད》ཅེས་པའི་རོལ་དབྱངས་ཀྱི་འགྲོས་དང་མཉམ་དུ། ན་ཆུང་སློབ་མ2000ལྷག་གིས་མཉམ་དུ་ལག་བརྡའི་ཞབས་བྲོ་འཁྲབ་པ་དང། མི་བརྒྱ་ལྷག་གིས་ལག་ཏུ་རྒྱལ་དར་དང་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་དར། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་དར་བཅས་བཟུང་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བསུ་མ་བྱེད་པའི་བཀྲ་ཤིས་པའི་རྣམ་པ་མངོན་ཡོད།

པར་འདི་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མེ་རྟ་སྟེགས་བུ་དང་དཔལ་འབར། དཔལ་འབར་འཛིན་མཁན་གྱི་གོན་པ་བཅས་འགྲེམ་སྟོན་བྱེད་བཞིན་པའི་རྣམ་པ་རེད། 

པར་འདི་ནི2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་རེད།

ཐེངས་འདིའི་བྱ་འགུལ་གྱི་བརྗོད་དོན་གཙོ་བོ་ནི“ཁ་བའི་ཞིང་ཁམས་སུ་འཛོམས་ནས་མཛེས་སྡུག་གི་མ་འོངས་པར་བསྐྱོད”ཅེས་པ་དེ་ཡིན་ཞིང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མེ་རྟ་སྟེགས་བུ་དང་དཔལ་འབར། དཔལ་འབར་འཛིན་མཁན་གྱི་གོན་པ་བཅས་འགྲེམ་སྟོན་བྱས་པ་ལས་གཞན། ཅི་ལིན་ཞིང་ཆེན(ཁྲང་ཁྲིན་གྲོང་ཁྱེར)དམངས་ཡོངས་ཀྱི་གངས་འཁྱག་དུས་ཆེན་མགོ་རྩོམ་པའི་མཛད་སྒོ་བསྡུས་པ་དང་མཉམ་དུ། ལུས་རྩལ་པ་བརྒྱ་ལྷག་འགྲན་བསྡུར་སྣ་མང་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།