ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་སྒྱུ་རྩལ་པར་འཕྲིན་ལན་བསྐུར་བར་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་བཙུགས་ནས་ལོ་བརྒྱད་ཅུ་འཁོར་བ་དང་། ཟློས་གར་ཁང་དངོས་སུ་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་སྒྱུ་རྩལ་པར་འཕྲིན་ལན་བསྐུར་ནས། སྒྱུ་རྩལ་པ་རྣམས་ཀྱིས་དུས་རབས་ཀྱི་འཕར་རྩར་ལག་སྙོབ་བྱེད་པ་དང་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ། བདེན་སྲུང་གསར་གཏོད་སྲུང་སྐྱོབ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། བརྩེ་བ་རྣལ་མར་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་ནུས་ཤུགས་ཡོད་རྒུས་འཆད་རྒྱུ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་གང་མང་གསར་རྩོམ་བྱེད་དགོས་པའི་ཐད་སྐུལ་མ་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ལ་ཚུར་སྣང་ཆེན་པོ་བྱུང་།

རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གིས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཞེས་པ་བརྗོད་དོན་དུ་བཟུང་ནས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་ཚང་མར་སྐུལ་ལྕག་ཆེན་པོ་ཐེབས་ནས་འདོད་དོན། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་སྒུལ་ཤུགས་ཆེན་པོར་བརྩི་བ་དང་ཁྲིད་སྟོན་དུ་བཟུང་ནས། སློབ་གླིང་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཛིན་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ། དམངས་ཀྱི་ཆེད་དུ་སྒྱུ་རྩལ་གྱི་བླ་ན་མེད་པའི་འགན་འཁྲི་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་བསྟན་དོན། ལོ་ངོ་བརྒྱད་ཅུའི་རིང་ལ། རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གིས་ཏང་གི་རིག་རྩལ་བྱེད་ཕྱོགས་དང་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་པ་དང་། སྒྱུ་རྩལ་པ་རྣམས་ཀྱིས་གར་སྟེགས་ཀྱི་སྟེང་ནས་དཀའ་སྤྱད་འབད་འབུངས་ཀྱི་སྒོ་ནས་ལེགས་སྐྱེས་གང་ལེགས་ཕུལ་ཡོད་པར་མ་ཟད། བླ་སྲོག་ཡོད་པ་དང་ཀུན་སྤྱོད་ལྡན་པ། བརྩེ་སེམས་ཀྱིས་ཕྱུག་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་བརྩམས་ཆོས་རྩེ་གྲས་མང་པོ་གསར་རྩོམ་བྱས་ཡོད་པས། སྤྱོད་ལམ་དང་སྒྱུ་རྩལ་གཉིས་ལྡན་གྱི་དགེ་མཚོན་མངོན་ཡོད། སྒྱུ་རྩལ་པ་རྣམས་ཀྱིས་འདོད་དོན། སྤྱི་ཁྱབ་ཧྲུའུ་ཅིའི་རིག་རྩལ་ལས་དོན་སྐོར་གྱི་རྒྱས་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། བླ་སྲོག་གསར་བཞེངས་བྱེད་པའི་ཐད་འགན་འཁྲི་གསར་པ་མངོན་རྒྱུ་དང་བདེན་སྲུང་གསར་གཏོད་ཀྱི་སྟེང་ནས་བྱེད་ཕྱོགས་གསར་པ་མངོན་པ། ཀུན་སྤྱོད་བློ་སྦྱོང་གི་ཐད་ཉམས་སྣང་གསར་པ་མངོན་ཅི་ཐུབ་བྱེད་དགོས།

ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་འདོད་དོན། འབད་འབུངས་ལྷོད་མེད་ཀྱིས་རིག་རྩལ་ལས་དོན་གྱི་ཡང་རྩེར་འཛེགས་ཏེ། དུས་རབས་གསར་པའི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་དང་མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།