ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་མུ་མཐུད་དུ་དྲོད་ཚད་དམའ་བའི་ཉེན་བརྡ་སྔོན་པོ་བཏང་ཡོད།

ཡོང་ཁུངས། : ཀྲུང་གོ་གནམ་གཤིས་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ12པའི་ཚེས27ཉིན་གྱི་ཆུ་ཚོད6གི་སྟེང་། ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་མུ་མཐུད་དུ་དྲོད་ཚད་དམའ་བའི་ཉེན་བརྡ་སྔོན་པོ་བཏང་། 

གྲང་རྒྱུན་ལྷག་མའི་ཤུགས་རྐྱེན་ཕོག་པས། རང་རྒྱལ་གྱི་ལྷོ་ཕྱོགས་ཀྱི་ས་ཆ་མང་ཆེ་བའི་དྲོད་ཚད་ཇེ་མཐོར་འགྲོ་བར་འགོར་འགྱངས་བྱས་ཤིང་། བསྟུད་མར་གནམ་རུབ་ཅིང་ཉི་འོད་འཕྲོ་བ་ཉུང་།  སྔོན་དཔག་བྱས་ན། ཚེས27ཉིན་ནས་ཚེས28ཉིན་བར་ཀུའེ་ཀྲོའུ་དང་། ཧུའུ་ནན། ཀོང་ཞི། ཀོང་ཏུང་གི་ནུབ་བྱང་རྒྱུད་དང་། ཁྲུང་ཆིང་གི་ཤར་ལྷོའི་རྒྱུད། ཅང་སུའུ་ཡི་ཤར་ལྷོའི་རྒྱུད། ཧྲང་ཧའེ། ཀྲེ་ཅང་གི་ཤར་རྒྱུད་སོགས་ས་ཁུལ་གྱི་ཉིན་རེའི་ཆ་སྙོམས་དྲོད་ཚད་ལོ་རྒྱུས་ཀྱི་དུས་མཚུངས་ལས5ཡས་མས་ཇེ་དམའ་རུ་སོང་ཡོད། དེའི་ནང་ཀུའེ་ཀྲོའུ་ཡི་དབུས་ཤར་རྒྱུད་དང་ཧུའུ་ནན་གྱི་ནུབ་རྒྱུད། ཀོང་ཞི་ཡི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ལོ་རྒྱུས་ཀྱི་དུས་མཚུངས་ལས7℃ཡས་མས་ཇེ་དམའ་རུ་སོང་ཡོད། 

འགོག་སྲུང་ཕྱོགས་སྟོན། 

1、མི་རྣམས་ཀྱིས་ལྭ་བ་མཐུག་པོ་གྱོན་ནས་དྲོད་སྲུང་བྱ་བར་དོ་སྣང་བྱེད་དགོས་ལ། ཐོན་སྐྱེད་ཐད་རླུང་ཆེན་དང་དྲོད་ཚད་དམའ་བའི་གནམ་གཤིས་ཀྱི་སྔོན་འགོག་གྲ་སྒྲིག་ཡག་པོ་བྱེད་དགོས། 

2、སྒོ་དང་སྒེའུ་ཁུང་། མཐའ་ཤིང་། དྲོད་ཁང་། གནས་སྐབས་འཛུགས་སྐྲུན་སོགས་རླུང་འཚུབ་ཀྱིས་སློག་སླ་བའི་འཛུགས་སྐྲུན་དངོས་པོ་སྲ་གཏོང་དང་། རླུང་ཆེན་གྱིས་ཤུགས་རྐྱེན་ཐེབས་སླ་བའི་ཁང་པའི་ཕྱི་རོལ་གྱི་དངོས་རྫས་བཀོད་སྒྲིག་འོས་འཚམ་བྱེད་དགོས། 

3、རླུང་གཡོལ་བྱ་ཡུལ་རླུང་ལ་གཡོལ་བ་དང་། ཕྱི་རོལ་གྱི་ལས་སྒྲུབ་མི་སྣར་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་བརྡ་གཏང་ཡོད།

4、འབྲེལ་ཡོད་སྨྱན་སྦྱོར་གྱིས་བཏང་བའི་རླུང་ཆེན་དང་དྲོད་ཚད་དམའ་བའི་ཆ་འཕྲིན་ལ་དོ་སྣང་བྱས་ཏེ། སྔར་ལས་ལྷག་པའི་བྱ་ཐབས་སྤྱོད་དགོས།   

5、འགྲིམ་འགྲུལ་དང་སྤྱི་བདེ་སོགས་ལས་ཁུངས་ཀྱིས་འགན་འཁྲི་ལྟར་འགྲོ་ལམ་ཐོག་དར་ཆགས་པར་ཁ་གཏད་འཇལ་བའི་གྲ་སྒྲིག་ལས་དོན་ཡག་པོར་བསྒྲུབ་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།