རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་རྒྱབ་པའི་མི་གྲངས་དུང་ཕྱུར12ལས་བརྒལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། 2021ལོའི་ཟླ12པའི་ཚེས25ཉིན་བར་དུ། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཞིན་ཅིང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་བསྡོམས་པས་པྲོག་གསར་གློ་ཚད་ནད་དུག་གི་འགོག་སྨན་ཁྲི275809.4རྒྱབ་ཡོད་ཅིང་། པྲོག་གསར་གློ་ཚད་ཀྱི་འགོག་སྨན་ཡོངས་རྫོགས་རྒྱབ་ཟིན་པའི་མི་གྲངས་དུང་ཕྱུར12ལས་བརྒལ་ཏེ། མི་གྲངས་ཁྲི120336.2ལ་སླེབས་ཡོད་པའི་སྙན་ཞུ་ཕུལ་ཡོད་པ་རེད།   །

1128202069_16405158698751n.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།