ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་གཏོང་བའི་ལས་དོན་རྩ་བ་ཆ་ནས་བཅོས་སྒྲིག་བྱེད་རྒྱུ་དང་ཞིང་པ་ཞོར་ལས་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་མཆན་བཀོད་མཛུབ་སྟོན་གལ་ཆེན་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཡོངས་ཀྱི་ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་གཏོང་བའི་སྣང་ཚུལ་རྩ་བའི་ཆ་ནས་བཅོས་སྒྲིག་བྱེད་རྒྱུ་དང་ཞིང་པ་ཞོར་ལས་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དེའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་བཏོན། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། ཞིང་པ་ཞོར་ལས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཞིང་པ་ཞོར་ལས་པའི་གླ་ཕོགས་དུས་ཐོག་ཏུ་སྟེར་རྒྱུར་འགན་ལེན་ནུས་ལྡན་བྱ་རྒྱུ་ནི། རྒྱ་ཆེའི་ཞིང་པ་ཞོར་ལས་པའི་ཁྱིམ་ཚང་གི་འཚོ་བ་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་དང་འབྲེལ་བ་ངེས་ཅན་ཡོད། ས་གནས་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་རྒྱུ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྟན་འཇགས་དྲུག་དང་དང་འགན་སྲུང་དྲུག་གི་ལས་དོན་མུ་མཐུད་ནན་མོ་སྒྲུབ་པ། ལས་ཞུགས་སྔོན་ལ་ལག་བསྟར་བྱ་རྒྱུར་ཤུགས་སྣོན་པ། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་དང་། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་སོགས་ཁྲོམ་ར་གཙོ་བོའི་དཀའ་ངལ་སེལ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཞིང་པ་ཞོར་ལས་པའི་ལས་ཞུགས་བརྟན་གཏོང་དང་རྒྱ་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཞིང་པ་ཞོར་ལས་པའི་ལས་ཞུགས་ཐབས་ལམ་མང་དུ་གཏོང་དགོས། ལས་རིགས་མཛུབ་སྟོན་དང་རྩལ་ནུས་ཟབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། དབུལ་ཐར་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྫོང་ཁོངས་གཏོགས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཞིང་པ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་འགན་ལེན་བཅས་བྱེད་དགོས། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་བྱེད་པའི་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་གཏོང་བའི་བྱ་སྤྱོད་ཅི་རིགས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་ནན་པོ་གཅོད་དགོས། སྲིད་ཇུས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། སྲིད་གཞུང་དང་རྒྱལ་དབང་ཁེ་ལས་ཀྱི་ལས་གཞི་གཙོ་གནད་དུ་བཟུང་ནས། གླ་ཕོགས་འགོར་འགྱངས་གཏོང་བའི་སྣང་ཚུལ་ལ་རྡུང་རྡེག་ཚ་ནན་གཏོང་བའི་དགུན་དུས་ཀྱི་ཆེད་དོན་ལས་སྒོ་ནན་སྤེལ་བྱས་ཏེ། ཞིང་པ་ཞོར་ལས་པར་ཐོབ་ཆ་ཡོད་པར་བྱས་ནས། དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་དང་། དམངས་འཚོར་འགན་ལེན་དང་ཇེ་ལེགས་སུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།