ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་གཅིག་དང་ཨང་བརྒྱ་དང་གཉིས། ཨང་བརྒྱ་དང་གསུམ། ཨང་བརྒྱ་དང་བཞི། ཨང་བརྒྱ་དང་ལྔ། ཨང་བརྒྱ་དང་དྲུག ཨང་བརྒྱ་དང་བདུན་བཅས་ཀྱི་སྟེང་མཚན་རྟགས་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་གཅིག་ནས་བརྒྱ་དང་བདུན་པའི་སྟེང་མཚན་རྟགས་བཀོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་གཅིག་པའི་ནང་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་འཛུགས་ཡོད་པའི་སྒོ་ནས་ནག་ཉེས་བསགས་པར་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པའི་སྟེང་དུ་གྲོས་འཆམ་བྱུང་བས། ད་ལྟ་ཡོངས་བསྒྲགས་བྱས་ཏེ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་པའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་གཉིས་པའི་ནང་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརླན་ས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པའི་སྟེང་གྲོས་འཆམ་བྱུང་བས། ད་ལྟ་སྤྱི་བསྒྲགས་བྱས་ཏེ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་གསུམ་པའི་ནང་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམས་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པའི་སྟེང་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་ལ། ད་ལྟ་ཡོངས་བསྒྲགས་བྱས་ཏེ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་བཞི་པའི་ནང་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པའི་སྟེང་གྲོས་འཆམ་བྱུང་བས། ད་ལྟ་ཡོངས་བསྒྲགས་བྱས་ཏེ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པའི་ཚེས་ལྔ་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་ལྔ་པའི་ནང་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་ཆོད་དོན་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པའི་སྟེང་གྲོས་འཆམ་བྱུང་བས། ད་ལྟ་ཡོངས་བསྒྲགས་བྱས་ཏེ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་དྲུག་པའི་ནང་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་གཏུག་བཤེར་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་ཆོད་དོན་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པའི་སྟེང་གྲོས་འཆམ་བྱུང་བས། ད་ལྟ་ཡོངས་བསྒྲགས་བྱས་ཏེ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་བདུན་པའི་ནང་བཤད་རྒྱུར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་ཆོད་དོན་ལ།  ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དངམས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པའི་སྟེང་གྲོས་འཆམ་བྱུང་བས། ད་ལྟ་ཡོངས་བསྒྲགས་བྱས་ཏེ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན།  །               

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།