ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོག་པའི་དུས་ཚོད་གཏན་ཁེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས24ཉིན་རྒྱལ་ཡོངས་དམངས་ཆེན་གྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བ་འཚོག་པའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་། གཏན་འབེབས་ལྟར་ན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་བ་དེ2022ལོའི་ཟླ3པའི་ཚེས5ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་པར་གཏན་ཁེལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚོགས་འདུས་ཉེ་སྔོན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་བའི་གཏན་འབེབས(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བ་སང་ལོའི་ཟླ3པའི་ཚེས4ཉིན་པེ་ཅིང་ནས་འཚོག་རྒྱུ་ཡིན་པའི་གྲོས་གཞི་བཏོན།  །

1128196761_16403302931361n.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།