ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་དོན་པུའུ་ཡིས"དུས་ཆེན་གཉིས"སྐབས་སུ་ཚོང་རའི་མཁོ་སྤྲོད་འདང་ངེས་དང་རིན་གོང་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥིན་གྱིས་ཚེས23ཉིན་བསྟན་དོན། ལུགས་གསར་ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར། ཚོང་དོན་པུའུ་ཡིས་ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག "དུས་ཆེན་གཉིས"སྐབས་ཀྱི་ཚོང་རའི་མཁོ་སྤྲོད་ལ་ཁག་ཐེག་བྱེད་པའི་འབྲེལ་ཡོད་ལས་དོན་ལེགས་པོར་སྒྲུབ་པར་བཀོད་སྒྲིག་བྱས། 

ཀའོ་ཧྥིན་གྱིས་ཚོང་དོན་པུའུ་ཡིས་ཉིན་དེར་བསྡུས་པའི་རྒྱུན་ལྡན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་པ་ལྟར་ན། ཚོང་དོན་པུའུ་ཡིས་གཙོ་བོ་ཕྱོགས་གསུམ་ནས་མགོ་བརྩམས་ཏེ། དུས་ཆེན་སྐབས་ཀྱི་ཚོང་རའི་མཁོ་སྤྲོད་དང་རིན་གོང་གཏན་འཇགས་བྱ་བ་ལེགས་པོ་སྒྲུབ་རྒྱུ་ཡིན་པར་བསྟན།

ཚོང་ཟོག་གི་མགོ་ཁུངས་རྩ་འཛུགས་བྱེད་ཤུགས་ཇེ་ཆེར་གཏོང་བ། ཚོང་དོན་པུའུ་ཡིས་ཚོང་ཟོག་འཁོར་རྒྱུག་ཁེ་ལས་ལ་མཛུབ་སྟོན་བྱས་ཏེ་དུས་ཆེན་གྱི་ཚོང་རའི་འཛད་སྤྱོད་ཁྱད་ཆོས་ལ་གཞིགས་ཏེ། མཁོ་སྤྲོད་ལ་ཁག་ཐེག་བྱས་ནས། ཚོང་ཟོག་སྣ་མང་འདོན་སྤྲོད་བྱེད་པ་དང་སྣ་མང་ཅན་གྱི་ཚོང་རའི་དགོས་མཁོ་སྐོང་དགོས་པར་ལྟ་སྐུལ་བྱེད་རྒྱུ་རེད།

དུས་ཆེན་སྐབས་རྒྱུན་ལྡན་ངང་ཚོང་གཉེར་བྱེད་པར་ཁག་ཐེག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་སྣ་ཚོགས་དངོས་འབེབས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཚོང་དོན་པུའུ་ཡིས་ཚོང་ཟོག་འཁོར་རྒྱུག་ཁེ་ལས་ལ་དུས་ཆེན་སྐབས་རྒྱུན་ལྡན་ངང་ཚོང་གཉེར་བྱེད་པར་སྣེ་ཁྲིད་དེ། ཞིང་ལས་ཐོན་རྫས་ཚོང་ར་དང་གློག་རྡུལ་ཚོང་དོན། ཕྱི་འཚོང་མྱུར་སྐྱེལ་ཁེ་ལས་བཅས་ཀྱིས་བསྡུར་ཚད་ངེས་ཅན་ལྟར་ལས་སྒོ་གཉེར་བར་སྐུལ་འདེད་བཏང་ནས་འཛད་སྤྱོད་པའི་དུས་ཆེན་སྐབས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་དགོས།

ཚོང་ཟོག་མགོ་ཁུངས་མཁོ་སྤྲོད་འདང་ངེས་ལ་ཁག་ཐེག་བྱེད་པ། ཚོང་དོན་པུའུ་ཡིས་ཚོང་ཟོག་འཁོར་རྒྱུག་ཁེ་ལས་ལ་སྔ་མོ་ནས་སྐྱེལ་འདྲེན་ནུས་བཀོད་སྒྲིག་བྱེད་པར་མཛུབ་སྟོན་བྱས་ཏེ། དུས་ལྟར་མཁོ་སྤྲོད་ཀྱི་ཐབས་ལམ་རྒྱ་བསྐྱེད་དེ། ཤ་རིགས་དང་ཉར་ཐུབ་སྔོ་ཚལ་སོགས་སྲིད་གཞུང་གི་གསོག་ཉར་ཇེ་འཛོམས་སུ་བཏང་ནས་དུས་ཆེན་གྱི་ཚོང་རའི་མཁོ་སྤྲོད་འདང་ངེས་དང་རིན་གོང་སྤྱིའི་ཆ་ནས་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་ལ། འཚོ་བའི་མཁོ་རྫས་ཀྱི་སྤུས་ཚད་ཇེ་ཞན་དུ་མི་འགྲོ་བ་དང་ཚོང་ཟོག་ཆད་མི་རུང་བར་བྱེད་དགོས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།