ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས23ཉིན2022ལོའི་རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཟླ1པོ་ནས་ཟླ11པའི་བར་དུ། རང་རྒྱལ་གྱིས་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར་ཁྲི3.28ལེགས་འགྲུབ་བྱས་པ་དང་། དེའི་ནང་ལྕགས་ལམ་ཐད་མ་དངུལ་སྒོར་དུང་ཕྱུར6401དང་གཞུང་ལམ་ཆུ་ལམ་ཐད་མ་དངུལ་སྒོར་དུང་ཕྱུར2.53། དམངས་སྤྱོད་མཁའ་འགྲུལ་ཐད་མ་དངུལ་སྒོར་དུང་ཕྱུར1050བཅས་བཏང་བས། རྨང་གཞི་སྒྲིག་ཆས་དྲ་བ་འཛུགས་སྐྲུན་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་།
འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། རང་རྒྱལ་གྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་མགྱོགས་མྱུར་ངང་འཐུས་ཚང་དུ་སོང་ཞིང་། ཚོད་དཔག་ལྟར་ན་ལོ་ཧྲིལ་བོར་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་དང་རྒྱ་བསྐྱེད་བྱས་པ་ལམ་ཐག་སྤྱི་ལེ9000ལས་བརྒལ་བ་དང་། མཐོ་རིམ་མཁའ་འགྲུལ་གསར་འཛུགས་དང་ལེགས་བཅོས་བྱས་པ་ལམ་ཐག་སྤྱི་ལེ1000ལྷག་ལ་སླེབས་ལ། གསར་དུ་དཔང་ཡིག་ཐོབ་པའི་དམངས་སྤྱོད་མཁའ་འགྲུལ་འབབ་ཚིགས9དང་གསར་སྣོན་བྱས་པའི་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་ལམ་ཐག་སྤྱི་ལེ1000ལས་བརྒལ་ཡོད། དུས་མཚུངས་སུ། མུ་མཐུད་དུ་གཙོ་གནད་བཟོ་འགོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་བ་དང་། ཁྲོན་བོད་ལྕགས་ལམ་དང་དེའི་ཆ་སྡེབ་གཞུང་ལམ། འབྲི་ཆུ་ཧུའེ་ཧི་གཙང་བོར་འདྲེན་པའི་མཚོ་འགྲུལ་བཟོ་འགོད་སོགས་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ཅིང་ཧྭ་མྱུར་བགྲོད་ལྕགས་ལམ་དང་ཅིང་ཞིན་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་བོ་ཤར་གཏོང་བྱས་ལ། བོད་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་འཁོར་སྤྱོད་བྱེད་མགོ་ཚུགས་ཡོད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཟླ1པོ་ནས་ཟླ11པའི་བར་རང་རྒྱལ་གྱིས་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར་ཁྲི3.28ལེགས་འགྲུབ་བྱས་པ།