ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་ཕུལ་པར་ཡོང་བའི་ཧི་དབྱི་ཁྲིན་དང་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས22ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཙི་ཀོང་ཐོག་ཁང་དུ་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་ཕུལ་པར་ཡོང་བའི་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་དང་མཇལ་འཕྲད་གནང་ནས། ཁོའི་ཨོ་མིན་གྱི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན། 

ཟླ12པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཙི་ཀོང་ཐོག་ཁང་དུ་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་ཕུལ་པར་ཡོང་བའི་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་དང་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཧན་ཀྲིན་འཇལ་འཕྲད་ལ་ཞུགས། 

ལི་ཁེ་ཆང་གིས་བསྟན་དོན། ད་ལོའི་ཚུན་དུ། སྲིད་འཛིན་དཔོན་ཧི་དབྱི་ཁྲིན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་ཧར་ཐག་གིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་བཏང་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱས་ཡོད། ཀྲུང་དབྱང་སྲིད་གཞུང་གིས་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་བྱེད་ཀྱིན་ཡོད། 

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་དབྱང་སྲིད་གཞུང་གིས་མུ་མཐུད་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང“ཨོ་མིན་བས་ཨོ་མིན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཤིང་། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་དང་འབྲེལ་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྲིད་འཛིན་དཔོན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་ཁྲིམས་ལྟར་སྲིད་སྐྱོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། ཧེང་ཆིན་ཀོང་ཏུང་ཨོ་མིན་གྱི་མཉམ་ལས་ཁུལ་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ནས་དེར་སྐུལ་འདེད་གཏོང་བ་དང་། ཨོ་མིན་གྱི་དཔལ་འབྱོར་སྣ་མང་ཅན་གྱི་གོམ་སྟབས་གསར་པ་སྤོ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ། དམངས་འཚོ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། ཨོ་མིན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་ཆེད་རྨང་གཞི་སྔར་བས་བརྟན་པོ་འདིང་རྒྱུའི་རེ་བ་ཡོད། 

ཧི་དབྱི་ཁྲིན་གྱིས་བསྟན་དོན། ཀྲུང་དབྱང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ལོ་གཅིག་རིང་། ཨོ་མིན་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་ཡོད། སླད་ཕྱིན། ཨོ་མིན་གྱིས་མུ་མཐུད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱས་ནས། དཔལ་འབྱོར་བརྟན་བརླིང་ངང་སླར་གསོ་ཡོང་བ་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་གོ་སྐབས་སྟངས་འཛིན་བྱས་ཏེ། ཧུར་ཐག་སྒོས་འཕེལ་རྒྱས་གསར་པ་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན། 

ཝང་དབྱི་དང་ཀྲའོ་ཁི་ཀྲི། ཞ་པོ་ལུང་སོགས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།