ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་ཕུལ་དུ་ཡོང་བའི་ལིན་ཀྲིན་ཡུའེ་ཨོ་ལ་མཇལ་འཕྲད་གནང་ཞིང་ཧན་ཀྲིན་མཇལ་འཕྲད་ལ་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ12པའི་ཚེས22ཉིན་གྱི་སྔ་དྲོར་ཀྲུང་ནན་ཧའེ་ཙི་ཀོང་ཐོག་ཁང་ནས་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་ཕུལ་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲིན་ཡུའེ་ཨོ་ལ་མཇལ་འཕྲད་གནང་བ་དང་། ཁོ་མོའི་ཞང་ཀང་གི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན།

2.jpg

ཟླ12པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཙི་ཀོང་ཐོག་ཁང་ནས་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་ཕུལ་དུ་ཡོང་བའི་ལིན་ཀྲིན་ཡུའེ་ཨོ་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་མཇལ་འཕྲད་ལ་ཞུགས།

ལི་ཁེ་ཆང་གིས་བསྟན་དོན། ད་ལོའི་ཚུན་དུ། སྲིད་འཛིན་དཔོན་ལིན་ཀྲིན་ཡུའེ་ཨོ་ཡིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་བརྟན་བརླིང་ངང་སྲིད་སྐྱོང་དང་ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་འགོག་བཅོས་བྱས་པས་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་ཐོབ་ཡོད། ཀྲུང་དབྱང་སྲིད་གཞུང་གིས་སྲིད་འཛིན་དཔོན་ལིན་ཀྲིན་ཡུའེ་ཨོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་བྱ་བར་གདེངས་འཇོག་གང་ལེགས་གནང་བཞིན་ཡོད།

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་དབྱང་སྲིད་གཞུང་གིས་མུ་མཐུད་དུ་ཕྱོགས་ཡོངས་ནས་ཡང་དག་པའི་སྒོ་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་པས་ཞང་ཀང་སྐྱོང་བ། ཚད་མཐོན་པོའི་རང་སྐྱོང་བྱེད་ཕྱོགས་ལག་བསྟར་བྱས་ཏེ། དམིགས་བསལ་སྲིད་འཛིན་ཁུལ་གྱིས་བཅའ་ཁྲིམས་དང་གཞི་རྩའི་ཁྲིམས་ལུགས་ལག་བསྟར་བྱེད་པའི་འབྲེལ་ཡོད་ཀྱི་ལམ་ལུགས་དང་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་སྲིད་འཛིན་དཔོན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱེེད་རྒྱུ་ཡིན། ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩ་དང་ཉོ་ཚོང་། མཚོ་འགྲུལ་ལྟེ་གནས་བཅས་ཀྱི་གོ་གནས་སྲ་བརྟན་དང་མཐོར་འདེགས་སུ་བཏང་བ་དེས་ཞང་ཀང་གིས་སྔར་ལས་ཆེ་བའི་འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་བསྐྲུན་པར་ཕན་པ་ཡོད། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རང་འགུལ་གྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་བྱས་ཏེ། རྒྱལ་ཁབ་ཀྱི་བཅོས་བསྒྱུར་སྒོ་འབྱེད་ལ་རམ་འདེགས་འཕེལ་རྒྱས་གསར་བའི་རྣམ་པ་བསྐྲུན་དགོས། རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ་ཤུགས་ཆེན་པོས་གྲོང་མི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། རྒྱ་ཆེའི་གྲོང་མིའི་ཐོབ་སྣང་ཇེ་མཐོར་བཏང་སྟེ་ཞང་ཀང་གི་ལས་དོན་སྣ་ཚོགས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས།

ལིན་ཀྲིན་ཡུའེ་ཨོ་ཡིས་བསྟན་དོན། 2021ལོ་ནི་སྤྱིར་བཏང་གི་ལོ་ཞིག་མ་ཡིན་ལ། དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན། ཀྲུང་དབྱང་སྲིད་གཞུང་གིས་ཞང་ཀང་གིས་ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ་རྒྱུ་དང་། ཞང་ཀང་གི་ལས་རིགས་ཁག་གིས་སྔ་མོ་ནས་ནང་ལོག་དང་འགྲོ་འོང་ཐུབ་པར་རེ་ལྟོས་བྱེད་བཞིན་ཡོད། མ་འོངས་པར་ཞང་ཀང་གིས་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་གཙིགས་སུ་བཟུང་སྟེ་ཧུར་བརྩོན་གྱིས་རྣམ་པ་གསར་བ་བཏོད་རྒྱུ་ཡིན།

ཝང་དབྱི་དང་ཀྲའོ་ཁི་ཀྲི། ཞ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།