ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་ཕུལ་དུ་ཡོང་བའི་ལིན་ཀྲིན་ཡུའེ་ཨོ་ལ་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས22ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧའེ་དབྱིན་ཐའེ་ནས་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་ཕུལ་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲིན་ཡུའེ་ཨོ་ལ་མཇལ་འཕྲད་གནང་བ་དང་། ཁོ་མོའི་ཞང་ཀང་གི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན།

1.jpg

ཟླ12པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་དབྱིན་ཐའེ་ནས་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་ཕུལ་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲིན་ཡུའེ་ཨོ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་གཅིག་རིང་། ཞང་ཀང་གི་ཟང་ཟིང་ནས་བཅོས་སྐྱོང་ཐོབ་པའི་བར་གྱི་གནས་བབ་མུ་མཐུད་དུ་སྲ་བརྟན་དུ་སོང་ཞིང་། མུ་མཐུད་དུ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་སུ་ཕྱིན་ཡོད། པྲོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་ཕན་འབྲས་མངོན་གསལ་ཡིན་ལ། དཔལ་འབྱོར་སླར་གསོ་བྱུང་ནས་སྤྱི་ཚོགས་བརྟན་འཇགས་སྲུང་འཛིན་བྱས་ཡོད། སྲིད་འཛིན་དཔོན་ལིན་ཀྲིན་ཡུའེ་ཨོ་ཡིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཐག་གཅོད་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་གཏན་འཁེལ་ལྟར། ཞང་ཀང་གི་འདེམས་བསྐོ་ལམ་ལུགས་ཐད་མ་ལག་རང་བཞིན་གྱི་བཟོ་བཅོས་དང་འཐུས་ཚང་དུ་བཏང་ཡོད། བདེ་བླག་ངང་འདེམས་བསྐོ་ཨུ་ཡོན་ལྷན་ཚོགས་ཀྱི་འདེམས་བསྐོ་དང་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོ་གཉེར་ནས། ཞང་ཀང་གི་དངོས་ཡོད་དང་མཐུན་པའི་དམངས་གཙོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་སྤོས་ཡོད། བློ་ཐག་རྦད་ཆོད་སྒོས་ཞང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ཟིང་ཆ་འགོག་བཅོས་དང་དུས་ཟིང་བདེ་འཇགས་སུ་བཏང་ནས་ཁྲིམས་སྐྱོང་གི་དབང་གྲགས་དང་ཟིལ་ཤུགས་ལ་སྲུང་སྐྱོང་བྱས། བྱེད་ཐབས་གང་ལེགས་སྤྱད་དེ་དམིགས་བསལ་སྲིད་འཛིན་ཁུལ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འདྲེས་པར་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ནས་ནང་ལོགས་དང་བརྗེ་རེས་མཉམ་ལས་བྱེད་པ་གཏིང་ཟབ་དུ་བཏང་། ཀྲུང་དབྱང་གིས་སྲིད་འཛིན་དཔོན་ལིན་ཀྲིན་ཡུའེ་ཨོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་བྱ་བར་གདེངས་འཇོག་ལེགས་པོ་གནང་བཞིན་ཡོད། 

2.jpg

ཟླ12པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་དབྱིན་ཐའེ་ནས་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་ཕུལ་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲིན་ཡུའེ་ཨོ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན། ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གལ་ཆེའི་གྲུབ་འབྲས་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད་བཏོན་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དེ་ནང་དོན་གཙོ་བོར་བརྩིས་ནས་དེའི་ནང་དུ་བཅུག་ཡོད། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ20འགོར་བའི་སྤྱིར་བཏང་མ་ཡིན་པའི་གོ་རིམ་གྱིས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་བསྟར་བྱེད་པ་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དང་ཞང་ཀང་གི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ། རྒྱ་ཆེའི་ཞང་ཀང་གི་སྤུན་ཟླའི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་བཅས་ལ་ཕན་པ་ཡོད་པ་ར་སྤྲོད་གང་ལེགས་བྱས་ཡོད། ཀྲུང་དབྱང་གིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་རྒྱུ་ཡིན། ང་ཚོར་མུ་མཐུད་དུ་ལག་བསྟར་གཏིང་ཟབ་ཏུ་གཏོང་བ་དང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་བསྟུན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཕུལ་བྱུང་རང་བཞིན་དེ་སྔར་བས་མངོན་གསལ་དུ་འགྱུར་ངེས་ལ། རྒྱ་ཆེའི་ཞང་ཀང་སྤུན་ཟླས་རྒྱལ་གཅེས་ཀང་གཅེས་ཀྱི་རླབས་ཆེའི་སྲོལ་རྒྱུན་དར་སྤེལ་དུ་བཏང་ནས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ་ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱེད་པར་ཐུན་མོང་ངང་འབད་འཐབ་བྱེད་ཁོ་ཐག་ཡིན་པའི་ཡིད་ཆེས་ཡོད། 

ཧན་ཀྲིན་དང་ཏིན་ཞུའེ་ཞང་། ཀའོ་ཧྲིན་ཁུན། ཡིའུ་ཆོན། ཝང་དབྱི། ཞ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།