ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུར་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་རེ་བཞི་པ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད་ནས་གསུང་བཤད་གནང་། 

ཟླ12པའི་ཚེས21ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་རེ་བཞི་པ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུ་མགོ་འཛིན་མཛད་དེ་གསུང་བཤད་གནང་། 

ཚོགས་འདུས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ནང་ཞུགས་ལས་ཁུངས་སོ་སོ་དང་སྲིད་གྲོས་ཨུ་ཡོན་གྱིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་དགོས་ལ། མི་དམངས་སྲིད་གྲོས་ཀྱི་ཆེད་བཙུགས་གྲོས་མོལ་སྒྲིག་གཞིའི་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་ཐབས་འདོན་སྲིད་སྐྱོང་བྱེད་པ་དང་། ཧུར་ཐག་སྒོས་སྔོན་དཔག་ལ་ཁྲིད་སྟོན་བྱེད་པ། རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན། 

ཚོགས་འདུའི་ཐོག རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉི་ཤུ་པའི་གྲོས་རིམ(འཆར་ཟིན)དང་ཉིན་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི2022ལོའི་གྲོས་མོལ་འཆར་གཞི་དང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སློབ་སྦྱོང་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བྱ་ཐབས། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2022ལོའི་སློབ་སྦྱོང་འཆད་ཁྲིད་ཀྱི་དཔྱད་གཞི་བཅས་ལ་ཞིབ་འཇུག་བྱས། 2021ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཙོ་གནད་དོ་སྣང་བྱེད་པའི་གནད་དོན་གྱི་གནས་ཚུལ་ཁྱབ་བསྒྲགས་ཚོགས་འདུའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གཙོ་གནད་གྲོས་གཞི་ལྟ་སྐུལ་སྒྲུབ་གཉེར་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་གསན། རྒྱལ་ཡོངས་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་དང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཤང་ཀང་དང་ཨའོ་མིན། ཐའེ་ཝན། ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། རིག་གནས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་བཅས་ཀྱི2021ལོའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་བྱ་བར་འབྲེལ་གཏུག་བྱེད་མཁན་འབྲེལ་ཡོད་ཀྲུའུ་ཞི་གཞོན་པ་སོ་སོས་བྱ་བར་དཔྱད་བརྗོད་བྱས།  

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིན་ཆེན་མོ་གཅིག་ལྕོགས་ཀྱི་ལི་པིན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིར་གསལ་བཤད་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལིའུ་ཆི་པོ། ཧི་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མཱ་པེའོ། ཁྲེན་ཞོ་ཀོང་། ལེང་ཀྲེན་དབྱིང་། པ་ཐར། ཝང་ཡུང་ཆིང་། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།