ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཞ་མིན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཞ་མིན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུས། ཝང་ཆི་ཧྲན་ཚོགས་ཆེན་ལ་ཕེབས་ནས་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞ་མིན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་འཁོར40ལོན་པའི་དུས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། རྒྱ་ཆེ་བའི་དམིགས་བསལ་ཁུལ་གྱི་འཛུགས་སྐྲུན་པ་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ལོ་ངོ40ཡི་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཞ་མིན་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་གསར་འབྱེད་གསར་གཏོད་དང་ཡར་རྒྱས་བརྩོན་ལེན་བྱས་ནས། བྱ་གཞག་སོ་སོར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཞིང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་བྱས་རྗེས་གལ་ཆེན་ཕུལ་ནས། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བའི་ཁྲོད་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱས་ཡོད། འདིས་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་པའི་འཐབ་ཇུས་ཡང་དག་པ་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བགྲོད་ལམ་གསར་པའི་ཐོག ཁྱེད་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱས་ཏེ། དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་གྲལ་དུ་བསྐྱོད་པ་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཧུར་ཐག་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྔོན་ལ་མངོན་འགྱུར་བྱེད་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས། 

ཚེས21ཉིན། ཞ་མིན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་འཁོར40ལོན་པའི་རྟེན་འབྲེལ་ཚོགས་ཆེན་ཧྥུའུ་ཅན་ཞིང་ཆེན་ཞ་མིན་གྲོང་ཁྱེར་དུ་འཚོགས། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་། ཁོང་གིས་བསྟན་དོན། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱས་པའི་ལོ་རྒྱུས་ལམ་བུའི་ཁྲོད་ཀྱི་གསར་གཏོད་རླབས་ཆེན་ཞིག་རེད། ལོ་ངོ40ཡི་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཕྱོགས་སོ་སོའི་རྒྱབ་སྐྱོར་ཆེན་པོའི་འོག རྒྱ་ཆེ་བའི་ཞ་མིན་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་པ་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་གཙང་སྒྲུབ་བྱས་ནས། ཞ་མིན་དཔལ་འབྱོར་དམིགས་བསལ་ཁུལ་གྱི་བྱ་གཞག་སོ་སོར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། ཞ་མིན་དཔལ་འབྱོར་དམིགས་བསལ་ཁུལ་གྱི་གྲུབ་འབྲས་ལྡན་པའི་ལག་ལེན་ནི། ང་ཚོའི་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་ཡར་རྒྱས་བརྩོན་ལེན་བྱས་ནས། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་ཆེན་བསྐྲུན་པའི་བསྡུས་རིས་གསོན་ཉམས་ལྡན་པ་ཞིག་ཡིན་ཞིང་། དེས་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚོན་ཡོད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལྗོངས་མངོན་ཡོད། 

ཟླ12པའི་ཚེས21ཉིན། ཞ་མིན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་འཁོར40ལོན་པའི་རྟེན་འབྲེལ་ཚོགས་ཆེན་ཧྥུའུ་ཅན་ཞིང་ཆེན་ཞ་མིན་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་།

ཝང་ཆི་ཧྲན་གྱིས་ནན་གྱིས་བསྟན་དོན། ང་ཚོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་གཏིང་ཟབ་དང་སྒོ་འབྱེད་རྒྱ་ཆེར་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་པའི་ཆོས་ཉིད་སྐོར་གྱི་ངོས་འཛིན་དོན་ཚན་བཅུ་ལ་ཕྱོགས་སྡོམ་གཏིང་ཟབ་གནང་ཡོད་ལ། དུས་རབས་གསར་པའི་ཞ་མིན་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་པར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ངེས་པར་དུ་གོ་བ་གཏིང་ཟབ་ལེན་པ་དང་ཡུན་རིང་མཐའ་འཁྱོངས་བྱས་ཤིང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས། ཞ་མིན་གྱིས་བཅོས་སྒྱུར་གཏིང་ཟབ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བའི་ཐད་སླར་ཡང་རྣམ་པ་གསར་པ་ཐོན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སླར་ཡང་ལེའུ་གསར་པ་རྩོམ་པ། ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སླར་ཡང་བྱས་རྗེས་གསར་པ་འཇོག་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་འདེགས་ཐད་སླར་ཡང་སྐས་རིམ་གསར་པར་སླེབས་པའི་རེ་བ་ཡོད། ཏང་གིས་དཔལ་འབྱོར་དམིགས་བསལ་ཁུལ་གྱི་བྱ་གཞག་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱ་དགོས། 

 ཝང་ཆི་ཧྲན་གྱི་རེ་བར། ཞ་མིན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་པ་དང་། བྱང་ཚད་མཐོ་ལ་བཞིན་ཐང་མཐོ་བའི་དེང་རབས་ཅན་དང་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཞིག་འཛུགས་སྐྲུན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས།  

ཚོགས་འདུའི་ཐོག ཧྥུའུ་ཅན་ཞིང་ཆེན་དང་ཞ་མིན་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཞ་མིན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་འཁོར40ལོན་པའི་ཕུལ་བྱུང་འཛུགས་སྐྲུན་པའི་འཐུས་མིས་གཏམ་བཤད་གནང་།   །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།