ཀྲུང་གོ་བོད་ཀྱི་དྲ་བ།

ཐེངས་འདིའི་ཞི་ཨན་གྱི་རིམས་ནད་ནད་པ་ཆེས་མང་བའི་ཚད་ལ་སླེབས་འདུག

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ12པའི་ཚེས21ཉིན་གྱི་ཕྱི་དྲོར་ཧྲན་ཞི་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་ཤེས་གསལ་བྱུང་བ་ལྟར་ན། ཟླ12པའི་ཚེས9ཉིན་ནས་བཟུང་། ཞིང་ཆེན་ཡོངས་སུ་བསྡོམས་པས་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ96(ཞི་ཨན་གྲོང་ཁྱེར་ལ91དང་ཡན་ཨན་གྲོང་ཁྱེར་ལ3། ཞན་དབྱང་གྲོང་ཁྱེར་ལ2)ཡོད་པ་རེད། ཐེངས་འདིའི་ཞི་ཨན་གྱི་རིམས་ནད་ནི་གབ་སྦས་རང་བཞིན་གྱི་རྒྱུད་སྤེལ་ཐེངས་ཤིག་ཡིན་པས་སྡེ་ཁུལ་དུ་གཞི་རྒྱ་ཆེ་བའི་ངང་རྒྱུད་སྤེལ་བྱེད་བཞིན་ཡོད་སྟབས། ཞན་ཡང་དང་ཡན་ཨན། ཏུང་ཀོན། པེ་ཅིང་བཅས་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད། ཆེད་མཁས་པས་ཞིབ་འཇུག་བརྡར་གཅོད་བྱས་པ་ལྟར་ན། ཐེངས་འདིའི་ཞི་ཨན་གྱི་རིམས་ནད་དེ་ནད་པ་ཆེས་མང་བའི་ཚད་ལ་སླེབས་འདུག་པར་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།