ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ11པར་རྒྱལ་ཡོངས་སུ་དྲ་རྒྱའི་ཁྲིམས་འགལ་དང་ཆ་འཕྲིན་མི་ལེགས་པ་ཞུ་གཏུག་བྱས་པའི་གྱོད་གཞི་ཁྲི1375.4དང་ལེན་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཁྲིམས་འགལ་དང་ཆ་འཕྲིན་མི་ལེགས་པ་ཞུ་གཏུག་ལྟེ་གནས་ཀྱི་ཉེ་ལམ་བསྡོམས་རྩིས་གཞི་གྲངས་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་ལོའི་ཟླ11པར། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་དྲ་རྒྱའི་ཞུ་གཏུག་སྡེ་ཁག་གིས་ཞུ་གཏུག་གྱོད་གཞི་ཁྲི1375.4དང་ལེན་བྱས་ཡོད།

དེའི་ནང་། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཁྲིམས་འགལ་དང་ཆ་འཕྲིན་མི་ལེགས་པ་ཞུ་གཏུག་ལྟེ་གནས་ཀྱིས་ཞུ་གཏུག་གྱོད་གཞི་ཁྲི31.3དང་ལེན་བྱས་པ་དང་། ས་གནས་སོ་སོའི་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཞུ་གཏུག་ལྟེ་གནས་ཀྱིས་ཞུ་གཏུག་གྱོད་གཞི་ཁྲི104.8དང་ལེན་བྱས་ལ། རྒྱལ་ཡོངས་ཀྱི་དྲ་ཚིགས་གཙོ་བོར་གྱོད་གཞི་ཁྲི1239.3ཞུ་གཏུག་བྱས།

རྒྱལ་ཡོངས་ཀྱི་དྲ་ཚིགས་གཙོ་བོའི་ཞུ་གཏུག་གི་ཁྲོད། པོད་འཕྲིན་དང་པའེ་ཏུའུ། ཨ་ལེ་པ་པ། ཐུན་ཞུན། མགྱོགས་འཕྲིན། ཏིག་པའེ། ཉིན་རེའི་གཙོ་འཕྲིན་སོགས་ཚོང་ལས་དྲ་ཚིགས་གཙོ་བོས་གྱོད་གཞི་ཁྲི870.5དང་ལེན་བྱས།

ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཁྲིམས་འགལ་དང་ཆ་འཕྲིན་མི་ལེགས་པ་ཞུ་གཏུག་ལྟེ་གནས་ཀྱིས་བསྟན་དོན། རིམ་པ་སོ་སོའི་དྲ་རྒྱའི་ཆ་འཕྲིན་སྡེ་ཁག་གི་མཛུབ་སྟོན་འོག མིག་སྔར་རྒྱལ་ཡོངས་ཀྱི་དྲ་རྒྱ་གཙོ་བོ་ཁག་གིས་མུ་མཐུད་དུ་ཞུ་གཏུག་ཐབས་ལམ་ཇེ་ཡངས་དང་དྲ་དམངས་ཀྱི་ཐེར་འདོན་ཐག་གཅོད་དང་ལེན་བྱེད་བཞིན་ཡོད། རྒྱ་ཆེའི་དྲ་དམངས་ཀྱིས་ཞུ་གཏུག་ཁ་པར12377དང་། དྲ་རྒྱའི་ཞུ་གཏུག་གི་སྤྱོད་སྣེ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཧུར་བརྩོན་གྱིས་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ཁྲོད་ཞུགས་ཏེ། ཐུན་མོང་སྒོས་དྲ་རྒྱའི་བར་སྟོང་གཙང་དག་ཡོང་བར་སྲུང་སྐྱོང་བྱེད་དགོས། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།